[372B]ཏནྟྲ་ནཱ་མཿ་བོད་སྐད་དུཿ་དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བཿ་བཅོམ་ལྡན་འདས་ མཐུ་སྟོབས་ཀྱི་བདག་པོ་ལ་ཕྱག་འཚལ་ལོཿ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནཿ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་བོ་ཉིད་རི་རབ་ཆེན་པོའི་ཡང་སྟེང་ལྕང་ལོ་ ཅན་གྱི་གནས་མྖོག་རབ་ཏུ་བརྒྱན་པའི་ཕོ་བྲང་ཆེན་པོ་ན་ཡུམ་ཆེན་མོ་འབྱུང་བ་ལྔའི་བདག་མོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ་སྐུ་ལས་འོད་ཟེར་སྣ་ཚོགས་རབ་ཏུ་སྤྲོས་ ནས་འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་དང་དྲེགས་པ་ཅན་དང་གཟི་བརྗིད་ཅན་དང་དྲག་ཤུལ་ཅན་ལ་སོགས་པ་དག་གིས་གནས་ཐམས་ཅད་རབ་ཏུ་གཡོ་ཞིང་བསྐྱོད་པར་ མཛད་པས་དེ་དག་གི་སྡེ་དཔོན་དང་བཅས་འཁོར་དང་གཡོག་ཏུ་བཅས་པ་རྣམས་རླུང་གི་ཤུགས་ཀྱིས་བསྐྱོད་པ་བཞིན་དུ་ལྷགས་པ་ནིཿ་འདི་ལྟ་སྟེཿ་གཤིན་རྗེ་ཚེ་བདག་ནག་པོ་ [373A]༄༅། །ཆེན་པོ་ཡུམ་དང་བཅས་པ་དང་བདུད་ནག་པོ་ཆེན་པོ་མེའི་ཁ་རླངས་ཅན་དང་ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་དང་སྲིན་པོའི་རྒྱལ་པོ་གསོད་ བྱེད་ནག་པོ་ཡུམ་དང་བཅས་པ་དང་གནོད་སྦྱིན་ཆེན་པོ་གང་བ་བཟང་པོ་དང་ཡུམ་གནོད་སྦྱིན་མོ་ཤ་ཟ་རལ་གཅིག་མ་དང་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་ རུ་ཏྲའི་བདག་པོ་ཐར་པ་ནག་པོ་དང་རྨུ་རྗེ་བཙན་པོ་རྒྱལ་པོ་ཆེན་པོ་དང་ཕྱི་རོལ་ལྷའི་བདག་པོ་ཀ་ལ་ནག་པོ་དང་ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀླུའི་བདག་ པོ་གཞོན་ནུ་གཏུམ་པོ་དང་ལྷའི་རྒྱལ་པོ་ལི་བྱིན་ཆེན་པོ་དང་གནོད་སྦྱིན་ཆེན་པོ་ལ་ག་རྒྱུ་བ་དང་བདག་ཉིད་ཆེན་པོ་རྡོ་རྗེ་མཛེས་པ་དང་ཀླུ་བདུད་ཆེན་པོ་ཡམ་ཤུད་དམར་པོ་ དང་གཞན་ཡང་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ཟ་བྱེད་དང་ཡི་དྭགས་དང་འབྱུང་པོའི་ཚོགས་དང་ཕོ་ཉའི་ཚོགས་འཇིགས་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་ རབ་ཏུ་འདུས་སོཿ་དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་བྱེད་ཆེན་པོའི་འཁོར་དེ་དག་རབ་ཏུ་འདུལ་བར་མཁྱེན་ནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་མངོན་པར་སྤྲུལ་པར་ མཛད་དེཿ་ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དག་གཟུགས་སུ་བརྙན་པ་རབ་ཏུ་འྗིགྶ་སྒྲ་ནི་མི་སྙན་དག་ཅིང་གྟུམ་དྲི་ནི་མི་ཞིམ་རུལ་མྱག་བྶུང་རོ་ནི་ཁ་སྐྱུར་ [373B]ཆེན་པོའི་མེ་འབར་ཞིང་ང་རྒྱལ་ཀེང་རུས་དྲག་ཏུ་གྟམྶ་གཏི་མུག་མུན་ནག་རབ་ཏུ་འྠིབྶ་འདོད་ཆགས་ཁྲག་གི་ཆུ་ཆེན་ འྦྲུབ་ཕྲག་དོག་རླུང་ནི་རབ་ཏུ་འྑྲུགྶ་སྟིར་ཆེན་པོའི་ལོངས་སྤྱོད་ལཿ་སྟག་གཟིག་གཅན་གཟན་ཅེ་སྤྱང་དང་ཀངྐ་དུར་བྱ་འདབ་ཆགས་ཚོགྶ་ཤ་ཟ་ཁྲག་འཐུང་རུས་ པ་འྗོམྶ་བམ་དང་རུལ་དང་མྱགས་པ་དང་བྱེ་དང་བྲལ་དང་གཞིགས་པ་དང་ཟོས་དང་འཐོར་དང་རབ་ཏུ་འྠོར་བྲུལ་དང་ཟགས་དང་བརླག་པ་དང་རྩོད་དང་རྒོད་དང་གླལ་ བ་དང་འཇིགས་ཤིང་གདུག་དང་རྔམ་པ་དང་རོལ་པའི་ལོངས་སྤྱོད་རབ་ཏུ་སྤྲུལ་ཀུན་ཀྱང་གདུག་པའི་སེམས་འཆང་ཞིང་གསོད་གཅོད་ཤག་གཏུབ་ལུས་ཀྱི་ལས་ཚིག་ རྩུབ་བརླང་བའི་ང་རོར་འྦྱིན་ཁྲོས་པའི་བརྟུལ་ཞུགས་དྲག་པོ་ཡིས་མ་ལུས་འདུལ་ཞིང་ཚར་གཅོད་པའི་མངོན་པར་གཅོད་ལ་རབ་ཏུ་བྐོད་འདི་ལྟར་མཐོང་ཞིང་སྣང་གྱུར་ པཿ་ཀུན་རྫོབ་ཙམ་དུ་སྣང་བ་ལས་སེམས་ཅན་གཅིག་གི་བ་སྤུ་ལཿ་ཅུང་ཟད་གནོད་པ་ཡོང་མེད་དེཿ་རང་གི་རྣམ་རྟོག་བདེ་བར་སྤྱོད་ངེས་པའི་དེ་ཉིད་ཁོ་ནའོ་ཆོ་འཕྲུལ་ ཆེན་པོ་བསྟན་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་རྡོ་རྗེ་འཆང་བའི་རྒྱལ་པོ་ཡིས་དུས་གསུམ་རྒྱལ་བ་སྲས་བཅས་ [374A]༄༅། །ཀྱིས་ཐོག་མ་མེད་པའི་དུས་ཉིད་ནས་མ་ལུས་བསྟན་པ་སྲུང་མཛད་པའི་གསང་བདག་ཆེན་པོར་དབང་བསྐུར་ཕྱིར་གནོད་སྦྱིན་ལག་ན་རྡོ་རྗེ་ འྖང་ལྔ་བརྒྱའི་གྲོགས་དང་བཅས་པ་ཡིས་སོ་སོ་གཙོ་ཆེན་མདུན་ཉིད་ནས་རང་གི་སྟན་ལས་རབ་ཏུ་ལངྶ་མངོན་དུ་སྤྱོད་པའི་སྤྲུལ་པ་མྫད་ཐུགས་ཀྱི་གནས་ པའི་ས་བོན་ལས་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཀུན་ལྗང་ནག་རླུང་གིས་རབ་ཏུ་དྐྲོགྶ་ཁྲག་གི་རྦ་ཀློང་འཁྲུག་ཅིང་གཡོཿ་ཤ་རུས་གཏམས་པའི་ས་གཞི་ལས་ བསྐལ་པའི་མེ་རི་རབ་ཏུ་འྦར་བྷནྡྷ་འབར་བའི་གཞལ་ཡས་ཁང་གདུག་ཅིང་འཇིགས་སུ་རུང་བ་ནིཿ་སྟོབས་ཆེན་རྣམས་ཀྱང་ཉེར་མི་སྤྱོད་འཕྲིན་ལས་མ་ལུས་རྫོགས་ མཛད་ལུས་ཕྱི་ནང་མཐའ་དབུས་ཀུན་ལ་ཁྱབ་བསྟན་ལ་རབ་སྡང་ཕ་རོལ་པོཿ་ཕུང་པོ་ཞབས་ཀྱིས་གདན་དུ་བྟིང་འོད་གདན་གཙང་མ་གསུམ་དང་བྕས་ཆེ་བ་ མཆོག་གི་སྐུར་མཛད་དེཿ་རིག་ཅན་མཐར་གནས་དབུར་མནན་ཅིང་སྟོང་པ་བཅོ་བརྒྱད་དག་ཅིང་སྣང་ཕྱག་གིས་དྲེགས་པའི་ལྷ་བརྒྱད་བྶྒྲལ་བནྡྷ་ཙིཏྟ་གཡས་གཡོན་ བྶྣམྶ་ཐུགས་ཀྱི་དབང་རྟགས་དང་པོས་གྯུང་ཐུགས་རྗེ་མི་འགྱུར་མཐིང་ནག་མྡོག་མི་འཇིགས་རིག་པས་མནན་པའི་ཞབྶ་བདུད་བཞི་ཕྱོགས་དང་བཅས་ [374B]སྲིད་རྩེར་འྦར་འབར་བའི་སྤྱན་གྱིས་ཁམས་གསུམ་གྯིགྶ་གདངས་པའི་ཤངས་ཀྱིས་སྲིད་གསུམ་རྡུབ་ སྙན་གྱི་རླུང་སྒྲས་སྟོང་གསུམ་ཁྱབ་རྣོ་དབལ་ཚེམས་ཀྱིས་གདུག་པ་སྒྲོལ་ལྗགས་འདྲིལ་རྐན་སྒྲ་དྲག་པོར་བྶྡེབྶ་ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད་དཔའ་བའི་ཆས་ཀྱིས་ རབ་ཏུ་བྲྒྱན་སྲུང་བའི་ལྷ་རྣམས་སྐུ་ལ་རྫོགྶ་སྟོབས་ལྡན་དེ་ཉིད་མ་ཉེས་མཛད་པའི་འབྱུང་བ་ཆེ་ལ་དབང་སྒྱུར་མཿ་དབུ་གསུམ་ཕྱག་དྲུག་ཞབས་བཞི་མཿ་གྲི་གུག་ཏྲི་ཤཱུལ་ བདུད་རྩི་ཡས་བནྡྷ་ཞིང་ཆེན་གཡང་གཞི་ཡོན་གཙོ་བདག་ཚུལ་འཛིན་རབ་ཏུ་སྒེག་དགྱེས་མཛད་རབ་ཏུ་རོལ་པ་ལས་འདུལ་བྱེད་སྤྲུལ་པ་རབ་ཏུ་འཕྲོཿ་ཕྱོགས་བཅུ་ འཇིག་རྟེན་ཁམས་ཀུན་གྱིཿ་གཏུམ་པོ་གདུག་པའི་ཚུལ་འཆང་བའི་དྲག་སྔགས་བདག་པོ་མ་ལུས་ཀུན་རང་ཉིད་སོ་སོའི་འཁོར་བཅས་པའི་རྟེན་དང་གནས་ལ་རེ་རེར་སྣང་ རང་དབང་མེད་པར་འདུད་ཅིང་གཡོཿ་ཨོཾ་བཛྲ་སརྦ་དུཥྚན་ཨེ་ཀ་ཡ་མ་མ་བཧེ་ར་བྷ་གྲྀཧྞ་ཧཱུཾ་ཕཿཊ་བདུད་དང་གཤིན་རྗེ་སྲིན་པོ་དང་གནོད་སྦྱིན་ལྷ་དང་ལོག་ལྟ་ཅན་རྨུ་རྗེ་ཆེ་དང་ ཕྱི་རོལ་ཕྱོགྶ་གདུག་བྱེད་མཁའ་ལ་རྒྱུ་བ་དང་བྱོལ་སོང་ལྟོས་འགྲོ་ལུས་འཛིན་དང་ང་རྒྱལ་འཆང་དང་སྤྲུལ་པ་ཅན་མཐའ་འཁོབ་གནས་མཐའ་མ་ལུས་རྒྱུཿ་ལྷ་ [375A]༄༅། །བདུད་མི་མ་ཡིན་གྱི་གྣས་ཁ་བ་ཅན་དུ་ཕྱོགས་ཤིང་སྲེག་ལས་ཀྱི་ལུས་ཀྱི་ནུས་པ་འྦྱིན་མ་ལུས་པ་རྣམས་ཐམས་ཅད་ཀུན་ཤུགས་དྲག་ རླུང་གིས་བསྐྱོད་པ་བྮིན་རབ་ཏུ་འདར་ཞིང་མདུན་དུ་གྣས་ཐུགས་རྗེ་བདག་པོས་དགོངས་མཛད་ཀྱང་གཏུམ་རྔམ་འཇིགས་བྱེད་ཆེན་པོའི་སྐུཿ་གསང་ཚིག་དྲག་པོ་ གསུང་གི་སྒྲས་མ་ལུས་ཚིམ་པར་བཀའ་སྩལ་པཿ་ཨེ་མ་འཇིག་རྟེན་ཁམས་ཀུན་གྱིཿ་དྲག་སྔགས་བདག་པོ་དྲེགས་པ་ཅན་སྔོན་གྱི་རྡོ་རྗེ་འཆང་ཆེན་དང་རང་གི་བཀའ་ ལས་མ་འདའ་བར་ཁྱེད་རྣམས་རང་གི་འཁོར་དང་བྕས་སོ་སོའི་ལུས་དང་བཏགས་པའི་མིང་རིགས་དང་རྟེན་དང་བྱེད་པའི་ལས་སྡེ་དང་ཆ་ལུགས་ལོངས་སྤྱོད་རྣམྶ་ འཇིགས་བྱེད་གནས་འདིར་མྱུར་དུ་སྟོན་ཁྱེད་རྣམས་འདི་ལས་འདའ་བྱེད་ནཿ་ང་ཡི་སྲོག་གི་དམ་ཚིག་གིས་ཁྱེད་ཀྱི་ལུས་སེམས་སྲོག་དང་བྕས་མ་ལུས་གཏན་ ནས་བརླག་པར་བྱཿ་ཞེས་བཀའ་སྩལ་ནས་དྲག་སྔགས་ཀྱི་ཚོགས་འདི་དག་ཀྱང་བཀའ་སྩལ་ཏོཿ་ཨོཾ་སརྦ་དུཥྚྣ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཿཊ་ཡ་མ་ར་ཙ་མྲྀ་ཏ་ག་སྱ་མ་མཿ་ ཀྵེ་ཏ་མ་ར་ཡ་ཧྲིང་ཧྲིང་ཛ་ཛཿ་དུ་ཕྲག་ར་ཙ་དུག་དུན་མ་ཏིང་མ་ར་ཡ་ཧྲིང་ཧྲིང་ཛ་ཛ༑ རཀཤ་རཀྨོ་མ་མ་ར་ཏི་ཀ་མཱ་ར་ཡ་ཧྲིང་ཧྲིང་ཛ་ཛཿ་ཡཀྵ་ཨ་པསྨ་ར་རཀྵ་མི་རུ་ཤམ་པ་མཱ་ར་ཡ་ [375B]ཧྲིང་ཧྲིང་ཛཿ་ཛཿ་མ་ཏྲངྐ་རུ་ཏྲ་ཀཱ་ལ་མཱ་ར་ཡ་ཧྲིང་ཧྲིང་ཛཿ་ཛཿ་མུན་མུན་པ་ཙ་ཙཏྟི་མཱ་ར་ཡ་ཧྲིང་ཧྲིང་ཛཿ་ཛཿ་ཏི་རྟི་ཀ་མ་ཏེ་མ་ཧཱ་དེ་བ་མཱ་ར་ཡ་ ཧྲིང་ཧྲིང་ཛཿ་ཛཿ་བིཥྞུ་ཕི་ཏྲ་རོཀྟི་ཛ་མཱ་ར་ཡ་ཧྲིང་ཧྲིང་ཛཿ་ཛཿ་ན་ག་རཱ་ཛ་ཀུ་མ་ཙནྡྷ་མཱ་ར་ཡ་ཧྲིང་ཧྲིང་ཛཿ་ཛཿ་རཱ་ཛ་བཧུ་ལོང་ཨེ་ས་ཡ་མཱ་ར་ཡ་ཧྲིང་ཧྲིང་ཛཿ་ཛཿ་མ་ཧཱ་ཁུ་ལོ་ས་བཧོ་མཱ་ར་ཡ་ཧྲིང་ ཧྲིང་ཛཿ་ཛཿ་བཛྲ་སཱ་དཧུ་སོ་ཨཾ་ཙ་མཱ་ར་ཡ་ཧྲིང་ཧྲིང་ཛཿ་ཛཿ་ཨ་བཧི་ཤུ་ཏྲཾ་ལི་མཱ་ར་ཡ་ཧྲིང་ཧྲིང་ཛཿ་ཛཿ་ནྲི་ཧུར་ཐུམ་ཛཿ་ཤ་ཏྲུཾ་མཱ་ར་ཡ་རྦད་ཅེས་བརྗོད་ཅིང་སྐུ་འཇིགས་བྱེད་འབར་བ་ནིཿ་སཱ་ ཡང་འཇིགས་སུ་རུང་བར་བསྟན་ཏོཿ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་རུངས་པའི་སྒྲ་ཆེན་པོ་དང་འོད་ དང་གློག་འབར་བ་དང་རླུང་གི་ཤུགས་དྲག་པོས་གང་བར་གྱུར་ཏོཿ་བདུད་དང་གཤིན་རྗེ་ལ་སོགས་པའི་ཕྱོགས་བཅུའི་དྲེགས་པ་ཅན་རྣམས་ཀྱང་རང་རང་གི་འཁོར་དང་བཅས་ ཏེ་རབ་ཏུ་འདུས་ནས་རང་རང་གི་རིགས་ཀྱི་དྲེགས་པ་དག་ཕུལ་ཏེ་བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་ཉེ་བར་གྱུར་ནས་བཀའ་རབ་ཏུ་སྒྲུབ་པར་བརྩོན་པར་གྱུར་ཏོཿ་དྲག་སྔགས་འདུ་ པའི་རྩ་བའི་རྒྱུད་ལས་བྱིན་རླབས་ཆེན་པོས་དབང་དུ་བསྡུ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་ [376A]༄༅། །རྒྱལ་པོ་མེའི་ཁ་རླངས་ཅན་ཞེས་བྱ་བཿ་མདོག་ནག་པོཿ་ཁ་ནས་མེ་འབར་བཿ་ལག་ན་ཁྲམ་ཤིང་དང་བདུད་ཞགས་ནག་པོ་ཐོགས་པཿ་ཞིང་ལྤགས་ ཀྱི་གོས་གོན་པཿ་ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་ཞེས་བྱ་བཿ་ལག་ན་ཁྲམ་ཤིང་དང་ཐོད་པ་རློན་པ་ཐོགས་ཤིང་གོས་སུ་མི་ལྤགས་གོན་པཿ་བདུད་རྟ་ནག་པོ་ལ་ཁྱོ་ ཤུག་གཉིས་ཆར་ཞོན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདུད་ཀྱི་རིགས་ཀྱི་ལྷའི་ཚོགས་དང་བཅས་ནས་རིངས་པར་ལྷགས་སོཿ་དེ་བཞིན་དུཿ་འཆི་བདག་གཤིན་རྗེ་ ཞེས་བྱ་བཿ་མདོག་ནག་ཐོད་པ་གྲི་གུག་འྫིན་ཆུང་མ་གཤིན་རྗེ་ཟ་བྱེད་མཿ་གྲི་གུག་ཐོད་པ་ཕྱག་གིས་འྫིན་ཁྱོ་ཤུག་ཞིང་ལྤགས་རློན་པ་བྒོས་མ་ཧེ་ཆུ་གླང་ཞོན་ནས་ ནིཿ་གཤིན་རྗེ་ཕོ་མོའི་ཚོགས་དང་བྕས་འགལ་བྱེད་གཟོར་ཞིང་མྱུར་དུ་ལྷགྶ་སྲིན་པོ་གསོད་བྱེད་ཡབ་ཡུམ་ཡང་མདོག་ནག་ཞིང་གི་པགས་པ་བྒོས་རལ་གྲི་གྲི་ གུ་ག་གཡས་ཀྱིས་བྯུང་གཡོན་གྱིས་མི་མགོ་ཐོད་ཁྲག་ཐོགྶ་སྟག་དང་སེངྒེ་ཞོན་པ་སྐྱོད་སྲིན་པོའི་ཚོགས་བཅས་མྱུར་དུ་འྑོད་གནོད་སྦྱིན་གང་བ་བཟང་པོ་དང་ ཆུང་མ་ཤ་ཟ་རལ་གཅིག་དང་མཐིང་ནག་མགྱོགས་བྱེད་རྟ་ལ་ཞོན་ཞིང་ལྤགས་གྱོན་ཏེ་ཕྱག་གཉིས་ཀྱིས་རལ་གྲི་དར་ནག་ཞིང་ལྤགས་བྯུང་གནོད་སྦྱིན་ཚོགས་ [376B]ལྷོ་ནུབ་བྱང་ཕྱོགས་དག་གིཿ་གནས་སུ་གཙོ་ལ་འདུད་ཅིང་འྑོད་དབང་ཕྱུག་ཆེན་པོ་ཞེས་བྱ་བཿ་འཇིག་རྟེན་ ལྷ་ཡི་སྔགས་དག་གིས་དཀར་པོ་བ་དན་ཤེལ་གྲི་ཐོགྶ་དར་དཀར་གོས་ཅན་གནམ་རུ་ཞོན་དྲེགས་པ་ལྷ་ཡི་བདུད་འཁོར་བྕས་རིངས་པར་བཅས་ཏེ་ཤར་ཕྱོགས་འྑོད་ ཐར་པ་ནག་པོ་ཞེས་བྱ་བཿ་མདོག་ནག་མཆོད་གཏོར་དུག་ཐུན་འྫིན་དོམ་ནག་ཞོན་ཏེ་ཞིང་ལྤགས་བྒོས་སྡེ་དང་བཅས་ཏེ་ལྷོ་ཕྱོགས་འྑོད་རྨུ་རྗེ་ནག་པོ་ཞེས་བྱ་བཿ་དར་ ནག་དང་ནི་ཞགས་པ་ཐོགྶ་བེར་ནག་གྱོན་ཏེ་རྨུ་རྟ་ཞོན་རང་གི་སྡེ་དང་ནུབ་ཕྱོགས་འྑོད་མུ་སྟེགས་ནག་པོ་ཆེན་པོ་ཡང་ཁཊཱཾ་དང་ནི་ཏྲི་ཤཱུལ་བྯུང་མི་ལྤགས་བགོས་ ཤིང་མ་ཧེ་ཞོན་རང་གི་སྡེ་བཅས་བྱང་དུ་འྑོད་ཁྱབ་འཇུག་རོ་ཏི་ཞེས་བྱ་བཿ་མཐིང་ནག་ཁྲམ་ཤིང་དགྲ་སྟ་འྫིན་སྦྲིན་ནག་བགོས་ཤིང་འབྲུག་སྔོན་ཞོན་གཟའ་བདུད་ འཁོར་བཅས་སྟང་ཕྱོགས་འྑོད་ཀླུ་རྒྱལ་སོག་མ་མེད་ཅེས་པཿ་གོས་ནག་སྦྲུལ་ལྤགས་ན་བཟའ་ཅན་བུམ་པ་དང་ནི་རུས་སྦལ་འྫིན་ཆུ་སྲིན་ཞོན་ཏེ་ཀླུ་ཚོགས་བྕས་འོག་གི་ཕྱོགས་ སུ་འཁོད་ཅིང་འྡུག་གཞན་ཡང་ལི་བྱི་ལག་དགུ་དང་ཐེ་སོ་གཙོ་དང་ཡམ་ཤུད་ཀྱིས་སོ་སོའི་སྔགས་ཀྱི་བདག་པོ་དག་དཀར་སེར་དམར་པོའི་མདོག་ལྡན་ཞིང་ཤེལ་གྲི་ [377A]༄༅། །ཐོགས་ཤིང་ལག་དགུ་འྒྱེད་དར་དམར་མདུང་རིང་ལག་གིས་འྫིན་རྟ་དཀར་བྱ་རྒོད་ར་སྐྱེས་དང་རྟ་དམར་ཞོན་ཏེ་ཞིང་ལྤགས་བྒོས་སོ་སོའི་ སྡེ་དང་གཡོག་བཅས་ཤིང་ཕྱོགས་ཀྱི་སྒོ་བཞིར་གནས་བཅས་འྑོད་གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་མ་མོ་གཤིན་རྗེ་སྲིན་པོ་བྡུད་རུ་ཏྲ་མུ་སྟེགས་འགོང་ཐེ་ དང་གིང་རྨུ་གཟའ་དང་རྒྱན་བྲན་སྨན་སྣང་སྲིད་ལྷ་སྲིན་དྲེགས་པ་ཅན་དེད་དཔོན་ཆེན་པོ་རྣམས་ཀྱི་འྑོར་ཕྱི་དང་ནང་དང་གསང་བ་དང་ཡང་གསང་དང་ནི་དྲག་ པོ་དང་བཏགས་ཤིང་ཆགས་པ་སྨྲས་པ་དང་ལས་བྱེད་ཤན་པ་ཐོར་ཤོད་དང་ཆེ་གྲགས་རྩལ་དང་མ་མོ་དང་མུན་ཐིབས་སྟོང་འཁྲུགས་སྲོག་གཅོད་དང་གླེན་ ཞིང་དབང་ཆེ་ལ་སོགས་རྣམྶ་བཅོམ་ལྡན་རྡོ་རྗེ་འཆང་བ་ཡིཿ་བཀའ་བཞིན་རྗེས་སུ་སྒྲུབ་བྱེད་པས་མ་ཐོགས་དུར་ཁྲོད་གནས་ཆེན་དུཿ་འདར་ཞིང་མྱུར་བའི་ཤུགས་ དང་བྕས་རང་གི་ནུས་པ་རབ་བསྟན་ཏེཿ་བཀའ་ཉན་གསུང་བསྟོད་རྗེས་འབྲངས་གྣས་དེ་ལྟར་འཁོད་པའི་འཇིག་རྟེན་པའི་དྲེགས་པའི་བདག་པོ་སྔགས་ཀྱི་སྟོབས་ དང་ལྡན་པ་དེ་དག་གིས་རང་རང་གི་འཁོར་དང་རིགས་ཀྱི་སྡེ་དང་མཐུ་དང་ལོངས་སྤྱོད་ཀྱི་ཁྱད་པར་དག་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་ནས་འདི་སྐད་ཅེས་ [377B]བདག་ཅག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་གནས་པའི་མ་རུངས་པའི་ཚོགས་གདུག་པ་ཅན་སྡང་བ་གནོད་བ་ དང་ཤུགས་པ་དང་འཚེ་བ་དང་རྩོད་པའི་བསམ་པ་དང་ལྡན་ཞིང་བྱམས་པ་དང་སྙིང་རྗེ་དང་ཕན་པའི་སེམས་སྐྱེ་བར་མི་ནུས་པ་རྣམས་ཀྱིས་ཏེཿ་རང་རང་གི་ ཁམས་དང་བྱེད་པ་དང་རིགས་དང་ལས་ཀྱི་བྱ་བ་དང་རྟེན་དང་ནུས་པ་དང་དབང་གི་ཁྱད་པར་དག་དང་མཐུན་པའི་བསྟན་པ་མི་བཟད་པ་སྟོབས་དང་ལྡན་པ་དག་ བཀའ་སྩལ་པར་གསོལ་ཞེས་གསོལ་ཏོཿ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཚོགས་ཀྱི་དཀྱིལ་འཁོར་རབ་ཏུ་བཀོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ རྡོ་རྗེ་འཛིན་པ་ཡིས་སྐུ་ཡི་ཆེ་བ་རབ་སྟོན་ཅིང་གསུང་གི་སྙིང་པོས་གནད་བསྐུལ་ཏེཿ་ཐུགས་ཀྱི་དགོངས་པ་གཙོར་མཛད་ནས་འཇིག་རྟེན་དྲེགས་པ་ཅན་དང་མཐུ་སྟོབས་ཅན་ འདུས་པའི་འཁོར་ལ་བཀའ་སྩལ་པཿ་ཧཱུཾ་འཇིག་རྟེན་དྲེགས་པའི་ཚོགས་ཆེན་རྣམྶ་ང་ཡི་བཀའ་བཞིན་ཉན་པར་བགྱིཿ་ང་ནི་ཆོས་སྐུ་བདེ་ཆེན་ཏེཿ་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་ སྣང་བའི་སྐུ་ལ་དངོས་པོ་མེད་ཡེ་ཤེས་སྐུ་སྟེ་སྐུ་ཡི་མྖོག་ང་ནི་སྔགས་གསུང་མཐུ་ཆེན་ཏེཿ་ཡེ་ནས་ཐ་སྙད་སྒྲ་དང་བྲལ་བརྗོད་པའི་གསུང་ལ་འཛིན་པ་མེད་མ་འགགས་ [378A]༄༅། །གསུང་སྟེ་གསུང་གི་དྤལ་ང་ནི་བདེན་པའི་ཐུགས་མཆོག་སྟེཿ་ཡེ་ནས་མཚན་མེད་ཡང་དག་བྲལ་གཉིས་མེད་ཐུགས་ལས་རྩོལ་པ་མེད་སྐྱེ་མེད་ ཐུགས་ཏེ་ཐུགས་ཀྱི་དྤལ་ང་ནི་ཡོན་ཏན་ཚོགས་ཆེན་ཏེཿ་ལྷུན་གྱིས་གྲུབ་ཅིང་བསམ་མི་ཁྱབ་སྨོན་མེད་དགོངས་པ་མ་ལུས་འྦྱུང་དངོས་གྲུབ་ཆེན་པོ་བསྐྱེད་པའི་གཞིཿ་ ང་ནི་འཕྲིན་ལས་མཛད་པ་སྟེཿ་ཡོངས་རྫོགས་བརྩོན་པའི་བདག་ཉིད་ཅན་ཞི་རྒྱས་དབང་དང་མངོན་དུ་སྤྱོད་སྣ་ཚོགས་གཞན་དོན་ལྷུན་གྱིས་རྫོགྶ་འཇིག་རྟེན་སྔགས་ བདག་དྲེགས་པ་ཅན་གཙོ་ཆན་དབང་སྒྱུར་ཁྱེད་རྣམས་ཀྱང་ང་དང་དུས་གསུམ་སངས་རྒྱས་ཀྱིཿ་ཐུགས་དང་ཡེ་ཤེས་གཉིས་སུ་མེད་གསུང་དང་དབྱེ་བ་ཡོད་མ་ཡིན་ སྐུ་ལ་སོ་སོར་མི་བལྟ་སྟེཿ་ཡོན་ཏན་མཉམ་པ་ཉིད་དུ་རྫོགྶ་འཕྲིན་ལས་གཅིག་སྟེ་ཐུན་མོང་བྶྒྲུབ་ཐོག་མ་མེད་ནས་ད་ལྟའི་བར་ཉོན་མོངས་ལས་ཀྱི་རྒྱུ་འབྲས་ཀྱིས་ གནས་ངན་ལེན་གྱི་ཕུང་པོ་སྨིན་ང་རྒྱལ་དྲེགས་པའི་ལུས་ངག་སེམྶ་སྟོབས་དང་ནུས་པ་དཔག་མེད་རྫོགྶ་ཆེ་བཙན་དབང་ཕྱུག་ལྡན་གྱུར་ཀྱང་ཡང་དག་ངེས་པའི་དོན་ མ་རྟོགྶ་དོན་དམ་བདེན་པ་ཁོང་མ་ཆུད་སྤྲོས་བྲལ་དགེ་ལ་བློ་མ་ཕྱོགྶ་རང་རིག་རྒྱལ་བའི་སྟོབས་མ་རྙེད་སྐྱེ་མེད་དབྱིངས་ཀྱི་རྩལ་མ་ཤར་བདེ་ཆེན་གནས་ཀྱི་གདེང་ [378B]གཟུགས་མ་མྠོང་ཡེ་ཤེས་ཀློང་གི་སྒོ་མ་ཕྱེད་དེ་བས་རིགས་ཀྱི་བུ་རྣམས་ཀྱིས་རང་གི་གནས་ལ་རབ་ཏུ་རྟོགྶ་ ལུས་ལ་བདག་ཏུ་ཡོངས་མ་འྫིན་ངག་ལ་བརྗོད་པར་མ་སྨྲ་ཞིག་སེམས་ལ་དངོས་པོར་གང་མ་རྟོག་གནས་ཡུལ་རིགས་ཁམས་སྡེ་དང་དྤུང་རྟེན་རྫས་ལོངས་སྤྱོད་དབང་ སྐལ་རྣམྶ་ང་དང་ང་ཡིར་གཟུང་བྱ་ཡིན་ཐུན་མོང་དང་ནི་ཐ་དད་གྕིག་དེ་དག་མ་ལུས་སྟོང་པ་སྟེཿ་སྟོང་པ་ཉིད་ཀྱང་དེ་དག་གོཿ་དེ་ལས་གུད་ན་གཞན་མེད་དེཿ་གཞན་ལས་ གུད་ནའང་དེ་མེད་ཅིང་མ་སྐྱེས་མ་འགགས་མཚན་ཉིད་མེད་མ་ཕྲི་མ་བསྣན་མ་བསླད་ཅིང་མ་བཅོས་མ་སྒྱུར་མ་བྱུང་ལཿ་མ་སྐྱེད་མ་བསྒྲུབས་མ་བཤད་པའི་དོན་ཆེན་དེ་ནི་ རང་ཉིད་ལས་ཕྱི་ནང་སྔ་ཕྱི་སྟེང་དང་འོག་ཕྱོགས་མཚམས་འཁོར་འདས་ལུས་དང་སེམྶ་ཀུན་ནས་རྙེད་པ་མ་ཡིན་ཏེཿ་འདི་ནའང་ཡོད་པ་མ་ཡིན་ནོཿ་ཤ་ཁྲག་པགས་དང་ རུས་པ་དང་སྙིང་དང་གློ་བ་སྣོད་རྣམས་དང་དབང་པོ་ཡན་ལག་བཅས་པ་ལཿ་བདེ་ཆེན་དམ་པ་དེ་མི་གྣས་དེ་ལས་གཞན་ནའང་གནས་མིན་ཏེཿ་གནས་མ་གྲུབ་ལ་གནས་ ཞེས་བྲྗོད་གནས་ཡོད་མཉམ་ན་དེར་རྟོགས་ཤིང་ཇི་འདྲ་ཅི་ཞིག་ཇི་ལྟ་བུཿ་གང་ནས་འོངས་ཤིང་གང་དུ་སོང་གང་ན་འདུག་ཅིང་ཅི་ཞིག་བྱེད་དབྱིབས་དང་ཁ་དོག་མིང་ [379A]༄༅། །དང་མྪན་རིགས་དང་ཁམས་ལ་རབ་ཏུ་རྟོགྶ་དེ་ལ་དེ་ཡིས་དེར་བལྟས་པས་མཐོང་བ་མེད་པ་བལྟ་བ་ཡིཿ་གང་ལ་གང་གིས་གར་བསྒོམས་ པས་བསྒོམ་དང་བྲལ་ལ་སྒོམ་ཞེས་བྱཿ་ཅི་ལ་སུ་ཞིག་སྤྱིར་སྤྱོད་པས་སྤྱོད་དགུ་མི་གནས་སྤྱོད་པ་ཆེཿ་སུ་ལས་ལུས་ཐོབ་ཅི་བསྒྲུབས་པས་མ་གྲུབ་རང་གནས་འབྲས་བུ་ སྟེཿ་མ་ལུས་མེད་ཅིང་རྣམ་པ་ཡིཿ་ཡོན་ཏན་ཡོངས་རྫོགས་དབང་ཕྱུག་གོཿ་ཞི་དང་རྒྱས་དང་མངོན་དུ་སྤྱོད་དབང་དུ་བསྡུ་བ་འཕྲིན་ལས་ཡིན་རང་ལ་རྫོགས་ཤིང་རང་གིས་ གྲུབ་ཐག་ཆོད་པ་དང་བསྟན་པ་དང་ཚད་ལྡན་མཐར་ཕྱིན་ལ་བཟླ་དང་འདས་དང་མ་འདས་སྟོན་པ་དང་བཤད་དང་ཉན་དང་སྡུད་པ་དང་གནས་དུས་ཡོན་ཏན་སྐྱོན་ རྣམས་ནིཿ་རང་གི་དེ་ཉིད་རྟོགས་པས་འྒྲུབ་ཅེས་བཀའ་སྩལ་ཏོཿ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དོན་དམ་པའི་གནས་ཉེ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་འཛིན་པ་ཡིས་དགོངས་པ་ཆེན་པོ་འདི་གསུངས་ཏེཿ་ཡེ་ནས་མ་བྱུང་མ་སྐྱེས་པའི་ཆོས་ཉིད་དོན་གྱི་སྙིང་པོ་ནིཿ་གཟུང་འཛིན་མཐའ་བྲལ་དོན་རྟོགས་ཏེཿ་ང་ བདག་འཛིན་པའི་རྣམ་རྟོག་གིས་དྲེགས་ཤིང་གཟིར་བའི་རུ་ཏྲ་དེཿ་མ་བསྒྲལ་བ་ནི་ཉེས་པ་སྟེཿ་ཐབས་དང་ཤེས་རབ་སྙིང་རྗེ་གྶུམ་མཐུན་ཞིང་མཚུངས་ལྡན་སྲས་ཀྱིས་ [379B]འཁོར་བར་ལྟུང་མཁས་རྟོགས་ལྡན་པས་སྤྱད་པ་ཡིས་འཕགས་པ་མཉེས་ཤིང་སེམས་ཅན་སྒྲོལ་ ཚོགས་གཉིས་རྫོགས་ཏེ་སྐུ་གསུམ་ཐོབ་རྣམ་རིག་མཐོང་བས་ལ་ཐག་གྕད་བརྟུལ་ཞུགས་དྲག་པོས་བསྒྲུབ་པ་བྲྩམ་དབང་དུ་བསྡུ་དང་གདུལ་བའི་ཕྱིར་འཇིག་རྟེན་ ལས་ཀྱིས་བསྡུས་པའི་རྒྱུད་ང་དང་སྟོན་པ་རྣམས་ཀྱིས་བཤད་ཆོས་དབྱིངས་རང་གནས་དུར་ཁྲོད་དུཿ་རིག་པ་འཛིན་པ་རྣམས་ཀྱིས་ནིཿ་སངས་རྒྱས་བསྟན་པའི་དོན་དུ་སྡུད་ སྙིགས་མ་རབ་ཏུ་བདོ་བའི་དུས་སྡོད་ཅིང་བཙུགས་ལས་ལྟོས་པའི་ཆོས་སྐྱོན་དང་ཡོན་ཏན་ཚུལ་དུ་འྦྱུང་བསྟན་པ་འཇིག་བྱེད་ལས་ངན་ཅན་དྲག་སྔགས་སྟོབས་ཀྱིས་ བསྒྲལ་བྱས་ནཿ་རྫོགས་པའི་སངས་རྒྱས་ཐོབ་པར་འྒྱུར་དཀྱིལ་འཁོར་གནས་པའི་རྟེན་ཡིན་ནོཿ་ལྷ་དང་སྔགས་དང་ཏིང་ངེ་འྫིན་རྫས་རྣམས་རྒྱུ་དང་རྐྱེན་དུ་འྒྱུར་ལིངྒ་ ཉ་འོ་དམིགས་པའི་རྟེན་མིང་རུས་བྱང་བུས་རྣམ་ཤེས་དང་བླ་ཚེ་འཁོར་བའི་རྟེན་ཡིན་ཏེཿ་འགུགས་འདྲེན་གྱིས་ནི་དེ་དག་འྒུགྶ་ཕོ་ཉས་ལས་ཀུན་སྒྲུབ་པར་བྱེད་སྔགས་ དང་རྫས་ཀྱིས་དཔལ་སྐྱེད་ཅིང་ཐུན་རྫས་རྣམས་ཀྱིས་མྱོས་པ་དང་རེངས་ལྐུགས་མཚོན་འབེབས་རྡུལ་དུ་རློགྶ་གནད་དུ་འབེབས་ཤིང་སྙིང་ནས་འྡྲེན་ལྷ་དང་འབྱེད་ཅིང་ [380A]༄༅། །རྩ་བ་གྕོད་བྱང་ཆུབ་སེམས་ཀྱི་དངོས་པོ་ནིཿ་དོན་པོ་ཁྲག་གི་ལན་བུའི་མགོཿ་ཀུན་གཞི་ཏིལ་འབྲུ་ཙམ་ཞིག་གྣས་རྩ་བ་རླུང་གནས་འདྲ་བས་ཏེཿ་ ཕུར་པ་མེ་སྦལ་ལྟ་བུ་ཡིས་བསྡུས་ཤིང་བསྲེགས་ཏེ་བཅད་པ་ཡིས་དམིགས་པ་རྟེན་དང་བྲལ་བར་བྱས་བཀྲག་དང་གཟི་མདངས་རང་ལ་འྡུས་ཕྲིན་ལས་རྣམ་བཞིས་ གཟིར་བ་ལཿ་དགེ་སྡིག་ངོ་བོ་ཉིད་དུ་མྙམ་ལྟ་སྤྱོད་ལྡན་པས་ཞིང་བཅུས་ཏེཿ་ཕ་རོལ་བླ་མེད་གནས་སུ་བྶྒྲལ་བར་མ་དོ་ཡི་རྣམ་ཤེས་ནིཿ་ཧཱུཾ་དང་ཕཊ་ཀྱི་འཕྲོ་འདུ་ ཡིས་སྦྱང་དང་སྦར་བའི་ལས་རྣམས་བྱཿ་ཕྱོགས་བཅུ་རྒྱལ་བའི་སྲས་སུ་བྶྐྱེད་ཕུང་པོ་ལྷག་མ་ཙམ་ཉིད་ནིཿ་རྟེན་གསུམ་གྱིས་ནི་རབ་ཏུ་སྦྱང་ཆོས་སྐུའི་གཟུགས་ བརྙན་བརྟན་པར་བྱཿ་འདིས་ནི་ཕ་རོལ་བླ་ན་མེད་སྤྲུལ་པ་དུས་གསུམ་སངས་རྒྱས་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིཿ་སྤྱོད་པ་རླབས་ཆེན་སྤྱད་པ་འོཿ་ཞེས་ བཀའ་སྩལ་ཏོཿ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་སྒྲོལ་བ་ཏིང་ངེ་འཛིན་གྱི་དམིགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས་ ལས་ཀྱི་བྱེ་བྲག་འདི་གསུངས་ཏེཿ་ཐོག་མར་འདི་ལ་ཤིས་པའི་གྣས་དུར་ཁྲོད་ཆུ་གླིང་རི་ཡི་སུལ་ཁྲོས་ཤིང་གདུག་པའི་གནས་དེ་རུཿ་རབ་ཏུ་མནག་ཅིང་གདེང་ [380B]པའི་སློབ་མ་ཡིས་སྔོན་དུ་བླ་མ་མཉེས་བྱས་ཤིང་ལྷག་པའི་ལྷ་ཉིད་སྟོབས་དང་ལྡན་རྡོ་རྗེ་ འཛིན་པ་ཧེ་རུ་ཀཿ་ཉེ་དང་ལྡན་པ་གཉིས་སུ་མེད་ཚད་དང་ལྡན་པར་འགྱུར་བ་སྟེཿ་ཡང་དག་ངེས་པའི་རྟགས་མཐོང་ནས་རབ་ཏུ་འབད་པར་བྱ་བ་ནིཿ་སྨིན་ འབྱོར་གདུག་ཅིང་ཤིས་པའི་སཿ་ལས་ལ་མངགས་པ་དེ་དག་ལཿ་དྲེགས་པ་གཙོ་འཁོར་དམིགས་པའི་རྟེན་འདོམ་གང་ལ་སོགས་ཚད་དང་ལྡན་ལྟེ་བ་ལས་ ནི་འཁོར་ལོའི་རྩིབྶ་བཞི་འམ་དྲུག་གམ་བརྒྱད་དུ་འྒོད་བར་ཁྱམས་ཕྱོགས་བཞིར་སྒོ་བཞིར་བྕས་རིམ་པ་གསུམ་གྱི་ཐོད་ཕྲེང་ལྡན་རང་གི་རིགས་ལ་ སྔགས་པ་ཡིཿ་དབྱིབས་དང་ཁ་དོག་རྒྱན་དང་རྟགྶ་ཐམས་ཅད་ལྡན་པ་ཉིད་དུ་བྱཿ་དྲེགས་པ་ཅན་རྣམས་སྐུ་ཡི་རྟེན་བྲིས་སམ་བརྐོས་སམ་བརྩིགས་པ་དང་རང་ གི་གནས་སུ་མཛེས་པར་དྒོད་གསུང་གི་སྙིང་པོའང་དེ་བཞིན་ནོཿ་ཐུགས་རྟེན་རང་རང་ཕྱག་ཆ་འམ་སྔོན་ནས་བསགས་པའི་རྫས་ཡིན་ནོཿ་རང་སྔགས་བསགས་ པའི་འཁོར་ལོ་དང་མཐུན་གཟུགས་སྲོག་གི་རྒྱལ་མཚན་རྣམྶ་ནང་དུ་མཚོན་པའི་རྟེན་དུ་གྯུགྶ་དེ་དག་ཙིཏྟ་སོ་སོ་རུཿ་དམིགས་པའི་སྙིང་པོ་དྲིལ་ཏེ་གྮུག་ [381A]༄༅། །གསང་ཞིང་སྦས་པའི་རྟེན་དུ་འྒྱུར་དེ་ཡི་བྱང་ཤར་ཕྱོགས་མཚམས་སུཿ་ང་ཡི་སྔར་བཤད་རྒྱུད་ཉིད་ལཿ་ཨེ་དབྱིབས་བཞི་དང་བརྒྱད་ བཅུ་གྙིས་ཁྲུ་གང་མཛུབ་གང་ཐུར་དུ་བརྐོཿ་གདུག་ཅིང་དྲག་པོའི་རྫས་ཀྱིས་བྱུག་བདུག་ཅིང་བསྲེག་པའང་དེ་ཡིས་སོཿ་དེ་ཉིད་དགོད་པའི་རྫས་རྣམས་ནིཿ་རྒྱུད་མེད་ གཟུགས་ངན་ཀ་པཱ་ལཿ་སེང་ལྡེང་གསེར་ཤིང་ཡན་ལག་སྐྱེས་དཔལ་ལྡན་དྲག་པོའི་ཕུར་པ་དང་ཤེལ་ནག་གནམ་རུ་ནག་པོ་དང་གི་ལིང་དཀར་དང་གདོང་དམར་དང་ ཟླ་མི་གཅིག་དང་སྲིད་ཤིང་དང་ཙ་ར་ཀ་དང་མགྲིན་སྙན་དང་ས་སྤྱོད་ཆུ་སྤྱོད་རྣམས་ཀྱི་ལུས་ཕྱི་ནང་བར་དང་གསང་བས་བྲྒྱན་བསྲེག་ཆེན་སྤྱི་ཡི་མཉེས་པའི་རྫས་ རྒྱན་ལྡན་གཟུགས་དང་རྔ་གླིང་སྒྲས་བསུང་ཆེན་དྲི་དང་ཤ་ཁྲག་རོཿ་ཚ་རྩུབ་རེག་དང་འབྲུ་བཅུད་བཤོས་ཤ་ཆེན་དམ་རྫས་བདུད་རྩིའི་ཚོགྶ་རབ་ཏུ་བསྟར་ཞིང་འབད་ པས་སྦྱར་དཔའ་ཞིང་རྟུལ་ཕོད་སྐྱེས་བུ་ཡིས་ང་ཡི་སྔོན་གྱི་འཕྲིན་ལས་བྮིན་ཁྲོ་ལ་ཁྲོས་པས་ཞི་མཛད་དེཿ་ཐམས་གནས་པའི་འབྱུང་ཚན་ལྔཿ་དྲག་པོ་སྔགས་ ཀྱི་འབྱུང་བར་བྶྒོམ་ཀེང་རུས་འབར་བའི་རི་རབ་བམ་དུར་ཁྲོད་འཇིགས་པའི་གཞལ་མེད་ཁང་བནྡྷ་གནས་རིགས་གསུམ་གྱིས་བྲྩིགྶ་སྟི་ར་གསར་རྙིང་ཚོགས་ [381B]འཁྱིལ་ཞིང་འྦྱུང་དབང་པོ་དོན་སྙིང་འཕྱོ་ཞིང་འྦྲུལ་བདུད་རྩི་བཤང་གཅི་དྲི་བསུང་ལྡན་ཡན་ལག་ཉིང་ལག་ རྐང་ཞིང་སྙིལ་ཤུན་དང་པགས་པ་བརྒྱངས་ཤིང་འྥྱར་ཕྱོགས་བཞི་མཚམས་དང་སྟེང་དང་འོག་གཅུས་དང་འཕྱང་དང་བསྐུམ་དང་བྲྒྱངྶ་རྒྱལ་མཚན་དང་ནི་ཟ་ར་ཚགྶ་ བ་དན་བླ་བྲེས་ལྷབ་ལྷུབ་དང་ཕུར་པ་དང་ནི་སྟབ་མ་དང་ཡོལ་ཀོ་ཀ་མ་ལ་གཏམས་ནིཿ་རབ་ཏུ་མཛེས་པའི་རྒྱན་གྱིས་བྲྒྱན་གཞལ་ཡས་འབར་བ་དེ་འདྲ་བཿ་རབ་ཏུ་བསྔགས་ པ་འདི་ལས་བཤད་དྲེགས་པའི་བདག་པོ་ཡུམ་དང་བྕས་སྦྱོར་ཞིང་དགོངས་པ་དེ་ཉིད་ཀྱིས་བདག་གི་རང་བཞིན་ཡོངས་སུ་བྶྐྱེད་འཕྲོ་དང་ཆས་ཀྱི་ཁྱད་པར་དང་བསྡུ་ དང་རང་གི་གནས་སུ་བྲྟག་སྐུར་གྱུར་གང་གི་མཚན་ཉིད་ངོ་བོ་དང་བྱང་ཆུབ་སེམས་ཀྱི་བྱ་བ་ཡིས་ཡུམ་དང་བཅས་པ་ཡོངས་སུ་རྫོགྶ་དེ་ཡི་ལས་ཀྱང་སྔར་བཞིན་དུཿ་ རྒྱལ་མཛད་རང་གི་ཕྱག་རྟེན་དུཿ་དམིགས་པ་མྱུར་ལྷགས་དེ་ཡི་འྑོར་བདུད་དང་གཤིན་རྗེ་སྲིན་པོ་དང་གནོད་སྦྱིན་དྲག་པོའི་ལྷ་དང་ཀླུཿ་རང་རང་ཆུང་མར་བཅས་པ་དག་ ངས་བཤད་བཞིན་དུ་འཇིགས་པར་བྶམ་སྒོ་བཞིར་གནས་པ་དེ་དག་སྟེཿ་ལྷ་དང་མ་མོ་རྒྱལ་པོ་གིང་བཙན་འགོང་རྨུ་དང་མུ་སྟེགས་དང་རང་གི་སྡེ་དང་དཔུང་དུ་བྕས་ [382A]༄༅། །མ་ལུས་དྲེགས་པ་ཅན་གྱི་ཚོགྶ་འདི་ལས་རབ་བརྗོད་གང་ཡིན་པཿ་དེ་ཉིད་དུ་ནི་གས་པ་བར་བྱཿ་ང་ཡི་སྐུ་དང་གསུང་དང་ཐུགྶ་ཡེ་ཤེས་རིགས་ ཀྱི་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་རྒྱས་བཏབ་སྟེཿ་དེ་ལ་རང་བཞིན་གནས་པ་བྶྟིམ་ཡོངས་རྫོགས་སྐུ་ཡིས་བསྟན་པ་བྶྒྲུབ་ཕྱག་འཚལ་མཆོད་པ་འབུལ་ཞིང་ བྶྟོད་རབ་ཏུ་མཉེས་པ་རྒྱ་ཆེར་བྱཿ་ཕྱི་དང་ནང་དང་གསང་བ་ཡིས་བསྡུ་དང་སྦྱོར་དབང་སྒྲོལ་བ་དང་གནས་དང་རིང་དང་རིམ་པ་དང་བསྐྱེད་དང་དབབ་པ་མཉེས་པ་ཡིཿ་ གནས་ལུགས་ལྷུན་གྲུབ་མ་བཅོས་པས་དྲག་སྔགས་རོལ་པ་མ་འགགས་སྤྱོད་རང་གི་ལས་ལ་སྦྱར་བ་ནིཿ་བདུད་ཀྱི་ཁྲམ་དང་གཤིན་རྗེའི་ལྟོཿ་སྲིན་པོའི་དམར་དང་ གནོད་སྦྱིན་བྱད་ལྷ་ཡི་ཆང་དང་མ་མོའི་རིམྶ་གཟའ་ཡི་ཀི་ཀང་ཀླུ་ཡི་དུག་ཚེ་ཆད་པ་དང་ཁྲི་མོན་བྕུག་གཅན་གཟན་འཛུམ་དང་ལྕགས་སྒྲོག་ཚུད་ནད་དང་ མཚོན་ཉིད་ཁོང་ཞུགས་དང་དུག་འཐུངས་ཐོག་བབས་བཞིན་དུ་དྲག་ཐར་ཞེས་བྱ་བ་གདགས་སུ་མེད་བདུད་ནི་མ་བརྟགས་སྲོག་ལ་རྒོལ་གཤིན་རྗེ་འཁོར་ བའི་འཁོར་ལོ་གྕོད་སྲིན་པོ་རལ་གྲིའི་སོ་ཡིས་འྒེམྶ་གནོད་སྦྱིན་གནམ་ལྕགས་ཐོག་གིས་འྗོམྶ་ལྷ་ནི་འདོད་པའི་མདུང་གིས་སོར་མ་མོ་དཔག་མེད་མདའ་ [382B]ས་འོག་རལ་གྲི་སོགྶ་ཐམས་ཅད་འདུལ་ཞིང་གཅོད་པའི་སྔགས། །མུན་པ་གླིང་འཁྲུགས་བདུད་ཀྱི་སྐད་ དུ་འབོད་ལྟ་བུ་གཤིན་རྗེ་སྟེཿ་རོ་ལེན་དུར་པ་སྲིན་པོས་འྡྲེན་ལྕེ་མདུང་དྲག་པོ་གནོད་སྦྱིན་ནཿ་བཀའ་ཆད་དྲག་རྩལ་ལྷ་ཡིས་སྨོད་ངུ་འབོད་གདུང་བ་མ་མོ་སྟེཿ་འབྲུག་སྒྲ་གློག་ འབྱིན་བཟའ་བདུད་དོཿ་ཀླུ་ཡིས་སྦྲུལ་ནག་དུག་གིས་འྗོམྶ་འཇིག་རྟེན་ལྷ་སྲིན་རང་སྒྲ་ཡིས་ཕལ་པ་རྣམས་ལ་དམོད་པར་བྱེད་དེ་ནི་དྲག་སྔགས་དམོད་པའོ་ཞེས་བཀའ་ སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས། དམོད་པ་ཉེ་བར་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས་སོ་སོའི་དྲག་སྔགས་དམོད་པ་ བྶྟན་ཕུང་བཤིག་བདུད་ཀྱི་དྲག་སྔགས་ནིཿ་རབས་ཆད་ནག་པོའི་ཐོད་པ་རུཿ་ཤེལ་ནག་སྙིང་དུ་ཉ་འོ་རྩལ་དུར་ཁྲོད་རས་ནག་རྒྱ་ཡིས་གྡབ་ཚོན་སྣ་ལྔའམ་ནག་པོས་ བྕིངྶ་གྲི་ལྕགས་སྦུག་མ་སྲོག་རྩར་གྮུག་ཡུངས་ཀར་ཡུངས་ནག་ཏིལ་ནག་དང་སྐེ་ཚེ་ཤིང་ཚེ་ཟི་ར་དང་ཟངས་ལྕགས་རྡོ་ཡི་ཕྱེ་མ་དང་དུག་ཁྲག་ངར་དང་ བཅས་པ་རྣམྶ་མུ་སུ་རི་ཡི་ཐོད་པར་བསྡུཿ་བདུད་ཀྱི་སྲོག་ཏིལ་སྔགས་ཀྱིས་མྔག་བདུད་པོ་ནག་པོ་ཁ་མུན་དེ་བ་མི་ལ་ཆོཿ་ཀ་ལ་མུ་ཏྲི་མཱ་ར་ཡཿ་དགྲ་བོ་སྙིང་ལིང་ [383A]༄༅། །ཙིཏྟ་རྦུད་ནྲི་ཟླུམ་ཁྱིགྶ་བྲམ་བྲམ་རོ་ལ་འྡུས་ཟེར་སྤུགས་རོ་སྤུགས་བདུད་རྗེས་ཆོད་བདུད་མོས་རོལ་བདུད་བུས་གྟོར་བམ་ཁྱིགྶ་པྲ་མ་ནིཿ་ ཤ་ཏྲུཾ་མ་ར་ཡ་རྦད་མུན་པ་གླིང་འཁྲུགས་ཞེས་བྱ་བཿ་མ་འོངས་བདུད་ཀྱི་རང་སྐད་དེཿ་རྟག་ཏུ་བརྗོད་ཅིང་སྦུག་མར་བྲབ་གང་ལ་དམིགས་པ་དེ་མྱུར་དུཿ་སྣང་སྲིད་བདུད་ཀྱིས་ སྲོག་ནས་འྡྲེན་མི་ནག་གོ་ཚོན་བཅས་པ་དང་སྔགས་ནག་བུད་མེད་མོན་དང་རྡོཿ་ཁྱི་ནག་རྟ་ནག་བྱ་ནག་དང་རྒོད་ནག་དྲེད་ནག་ཤེལ་ནག་དང་རི་ནག་མཚོ་ནག་ ཤེལ་ནག་ཚོགྶ་དམག་དང་འཁྲུགས་དང་འཐབ་པ་དང་ཁྲིད་དང་གསོད་དང་ཤ་བ་དག་ལས་བྱེད་གྲུབ་པའི་རྟགས་སུ་འྒྱུར་དེ་ནས་ཉ་རོ་བསྟབས་ཤིང་བྶྒྲལ་ གྲི་མཚོན་ཕུར་པ་རྣམས་ཀྱིས་གྟུབ་ལྷག་མ་བདུད་རྩི་ཤ་ཁྲག་སྦྱར་ཀུ་ཀུ་ནག་པོའི་ཟས་སུ་སྦྱིན་རོལ་པར་མི་བྱེད་བསྐྱར་ལ་བྶྒྲུབ་རུ་ཏྲས་མྱོས་ཤིང་འཐིབས་ནས་འཆིཿ་འཆི་བདག་ གཤིན་རྗེའི་དྲག་སྔགས་ནིཿ་རྒྱུད་མེད་ཕོ་མོ་ཀ་པཱ་ལཿ་ཟ་མ་ཏོག་ཏུ་ཁ་སྦྱར་ལཿ་ནང་དུ་དེ་ཉིད་ཙིཏྟ་གྮུག་ཕོ་ཐོད་སྟང་ནས་སྤྱི་བོར་ཕུག་བཅིང་དང་དགབ་པ་དྲང་བ་དག་སྔར་ བཤད་རྫས་ཀྱིས་བྲབ་ཅིང་བྲྡེག་ཡ་མ་མེ་ཏ་ཀྵེ་ར་ཙ་ས་ཏོ་མེཿ་རུ་ཙ་ན་ཡོ་ནིཿ་རོ་མ་ཙ་ནིཿ་ས་མ་ར་ཛཿ་མུ་ཀ་སྙིང་ཁྲག་རྩ་ལ་རྦད་ཡ་མ་དབུགས་ལ་རྡུབྶ་རོ་ཙ་ཡ་མ་རཱ་ [383B]ཆོད་ཡ་མ་སྙིང་ཡ་མ་ཁྲག་ཡ་མ་དུ་བཾ་རིལ་རྦད་གཤིན་རྗེ་བསྡུས་ཤིང་དྲིལ་བའི་སྔགྶ་རབ་ཏུ་མངགས་ཏེ་ཙིཏྟར་བྲབ་ཤ་ཁྲག་ ཆེན་པོས་མཉེས་པར་བྱཿ་གསོད་བྱེད་ནག་པོའི་ཚོགས་རྣམས་ཀྱིས་དོན་སྙིང་རློན་པར་སྟེར་བ་དང་སྙིང་དང་ཐོད་པ་འཕར་བ་འྦྱུང་དེ་ནས་ལས་ལ་སྦྱར་བྱས་ནཿ་གང་ལ་ དམིགས་པ་མྱུར་དུ་སྒྲོལ་གཏུམ་ཁྲོ་སྲིན་པོའི་དམོད་པ་ནིཿ་མྱུར་ཤིའི་ཐོད་པར་དེ་སྙིང་ནང་དམིགས་པ་རྣམས་ཀྱི་གཟུགས་བརྙན་དེཿ་མིང་སྔགས་ལྡན་པ་བཙལ་བྱས་ཏེཿ་ལེ་ བརྒན་ཁ་དོག་དར་གྱིས་དྲིལ་སྔོན་དམར་སྐུད་པའི་དྲ་བར་གྮུག་སྟིར་གསར་པ་ཁ་ཕྱེ་ལཿ་དབང་པོ་དོན་སྙིང་ནང་ཁྲོལ་གྱིས་སྲིན་པོ་བསྐང་ཞིང་དམོད་པ་བྯླས་རཀཤ་སྲིན་པོ་ ས་མུན་ཛཿ་རཀཤ་རུ་ཏྲ་ཧུ་ར་ཧུ་ར་བྷྱོ་རུ་གཉེན་ནག་པོ་དགྲ་ལ་བྷྱོ་དགྲ་བོ་མུ་ལེ་ཤིན་སོད་སོད་ཧབ་ལེ་ཧབ་ལེ་ཁ་ཐུན་བྷྱོ་རཀཤ་ཛཿ་ཏྲི་ཏ་ཛཿ་དུ་ར་དུ་ར་ཤན་ཛཿ་རཀཤ་རྦད་ནྲི་མཱ་ ར་ཡ་སོད་དམོད་པ་རྫས་ལ་བཟླས་ཤིང་བྲྡེག་མི་ནག་ཤན་པའི་ཚོགས་རྣམས་ཀྱིས་ཁྲིད་དང་གསོད་དང་དོན་སྙིང་སྟེར་ལས་ལ་སྦྱར་བ་ཚུལ་བཞིན་གྱིས་དགྲ་བོའི་དོན་ པོ་མྱུར་དུ་སྒྲོལ་དྲག་སྔགས་གནོད་སྦྱིན་དྲག་སྔགས་ནིཿ་རྟ་དཀར་སྙིང་དང་ཐོད་པ་ནིཿ་ཉའོ་གཞུག་པའི་སྣོད་དུ་བྶྔགྶ་རག་ཆེན་ལ་ཕུག་མུ་ས་ལཿ་སྙིང་སྣ་ཁྲག་སྣ་སྦྱར་བས་ [384A]༄༅། །མྖོད་གནོད་སྦྱིན་སྲོག་ཏིག་དམོད་ལ་བྲྗོད་ཡཀྵ་བ་ཧུ་ད་རི་ཛཿ་མ་ག་ལ་བག་ཤ་ཛཿ་རུ་རུ་མ་རུ་ཏྲ་མ་ཏི་ཛཿ་ཡཀྵ་སྙིང་ལ་ཤད་ཤད་དུ་ཛཿ་ ཡཀྵ་སྲོག་ལ་བྲེང་ཐུཾ་ཛཿ་མིང་ཤར་ཚོགས་དང་འོད་དང་སྒྲཿ་རླུང་དམར་དག་དང་བུ་ཡུག་འོང་གསང་བའི་རྫས་ཀྱིས་དྲག་ཏུ་བྲྡེག་ལྷག་མ་བསྲེག་ཅིང་རླུང་གིས་གྟོར་དེ་ ཉིད་ཁྲག་ཏུ་སྐྱུགས་ཏེ་སྒྲོལ་དྲག་རྩལ་ལྷ་ཡི་དྲག་སྔགས་ནིཿ་ལྷ་གཡག་དཀར་པོའི་སྙིང་ནང་དུཿ་བརྣག་པའི་གཟུགས་དང་མིང་རུས་བྲིས་སྔོན་དམར་སྐུད་པས་སྐེ་ནས་ གྡགྶ་རྗེ་རིགས་ཐོད་པའི་ནང་དུ་གྮུག་དར་དཀར་གྱིས་ནི་ཁ་བཅད་ལཿ་ཚོན་སྐུད་སྣ་ལྔས་བཅིང་བར་བྱཿ་བྱ་རྒོད་དར་མའི་སྒྲོ་རྩ་ནིཿ་སྲོག་རྩར་བཅུག་ལ་དཀྱིལ་དུ་ བྲྟོལ་དཀྱིལ་འཁོར་མདའ་གང་གྲུ་བཞི་ལཿ་དབུས་སུ་གྲུ་གསུམ་ཐུར་དུ་བྲུཿ་ལྷ་རྡོ་གསུམ་གྱི་སྒྱེད་བུ་ལཿ་གོང་གི་ཐོད་པ་གཞག་པར་བྱཿ་མཐུན་རྫས་བཤོས་གཙང་རྔོན་ ཆ་དང་རུ་དཀར་སྙིང་དང་ཤེལ་དཀར་སྙིང་བྱ་དཀར་སྙིང་དང་རུ་མཚོན་དང་བ་དན་དཀར་པོ་རྟེན་དུ་གྯུགྶ་ཡུངས་ཀར་སྔགས་ཀྱི་མདའ་ཆོག་ནིཿ་ཐུན་གྱི་རྫས་སུ་ གཞག་པར་བྱཿ་དྲག་སྔགས་སྙིང་གི་ནང་དུ་བྲབ་སྟོབས་ལྡན་རྡོ་རྗེ་འཛིན་གསལ་བས་ལྷ་རྣམས་འདུས་པའི་སྔགས་རྣམས་བྶྦྲེང་མཧཱ་དེ་བ་ཏི་ཛ་ཏི་ཛཿ་ས་མ་ཕྲ་མ་ [384B]དགྲ་བོ་མཱ་ར་ཡ་ཐུན་རྦད་ཐུན་རྦད་ཤག་སེན་ཛ་ཛཿ་ཤག་སེན་ཛ་ཛ་ཧཱུཾ་ཧཱུཾ་ཙ་ཏུ་ར་མུ་ཁ་རག་ཤ་མ་ནཿ་ཀངྐ་མ་ཡ་ཧཱུཾ་མཧཱ་དེ་བ་ ཨ་མུ་ཀ་མཱ་ར་ཡ་སོད་འཇིག་རྟེན་གྲགས་པ་མཐུ་རྩལ་ཅན་ལྷ་ཡི་བོད་རྦད་གསད་གསུམ་དྲིལ་དྲག་ཏུ་བཟླས་ཤིང་སྙིང་ནས་བྲབ་རྟགས་ནི་རྒྱལ་པོ་རྗེ་དཔོན་དང་སྐྱེས་པ་ སྟག་ཆས་དར་མ་དང་ཞུབ་ཅན་ཕོ་ཚོགས་འོང་བ་ནིཿ་གསོད་གཅོད་བྱེད་དང་སྙིང་འབྱིན་དང་དངོས་སུ་སྙིང་ཕྱུང་འཕང་བ་འོང་རྟགས་བྱུང་སྙིང་ནས་ལིངྒ་དྦྱུང་མཚོན་ གྱིས་གཏུབས་ལ་མེ་ལ་བྶྲེག་ཐལ་བ་ཉའོ་བྱས་ནས་ནིཿ་ཐོད་པར་བཅུག་ལ་ལྷ་རྟེན་ནམ་འཇིག་རྟེན་ལྷ་ཆེན་གནས་སར་མྣན་ལྷ་ཡི་དལ་ཡམས་དགྲ་ལ་ཕོབྶ་ནད་ བདག་མ་མོའི་དྲག་སྔགས་ནིཿ་ནྲྀ་དྲིའི་མོ་ཡི་ཐོད་པ་རུཿ་དེ་ཡི་སྙིང་ནང་ལིངྒ་གྮུག་མཐིང་ནག་དར་གྱིས་ཁ་བཅད་ལཿ་ཐོད་པ་ཚོན་སྐུད་ལྔ་ཡིས་བྕིང་དཀྱིལ་འཁོར་མཐིང་ ནག་གྲུ་གསུམ་དྦུས་ཐོད་པ་བཅུག་ལ་བསྒྲུབ་པར་བྱཿ་སྨུག་ནག་གསུམ་གྱི་སྙིང་ཁྲག་གིས་མ་མོ་འཁོར་དང་བཅས་པ་མྖོད་ཡུངས་ཀར་ཡུངས་ནག་སྐེ་ཚེ་ སོགྶ་དྲག་པོའི་ཐུན་རྫས་ཚོགས་ཚད་ལཿ་མ་མོ་རྣམས་ཀྱི་རྨོད་པའི་སྔགྶ་མ་མོ་སྙིང་ཁ་རག་མ་མོ་སྙིང་ཁ་རག་མ་མ་རཀཤ་མ་མ་རཀཤ་ཏྲག་རཀྵ་སྙིང་ཁྲག་ལ་ [385A]༄༅། །ཏུབས་ཛསྙིང་རྩལ་དུན་དུན་ཏྲག་རཀཤ་མ་མ་ཛ་ཛཿ་དམ་དམ་དགྲ་སྙིང་རྦད་ནན་མ་མ་ནྲྀ་སྙིང་ཙིཏྟ་ལ་ཐུན་ཐུན་ཏྲག་རཀཤ་ཏྲག་ཤ་མོ་ཐུན་ཐུན་མུགས་ མུགས་མྱོགས་མྱོགྶ་རྦད་རྦད་ཛ་ཛ་མ་མ་ཐུན་སྙིང་ཁྲག་ཐུན་ཏི་ཏ་མ་མ་རག་མོཿ་ས་མ་ཡ་བྷྱོ་བྷྱོ་མ་མོའི་སྲོག་ཏིག་བསྡུས་པ་ཡིས་གསད་པ་ལས་ཀྱི་ངན་སྔགས་ འདིཿ་གྲི་ལྕགས་ལས་བྱས་སྦུ་གུའམ་བྱ་རྒོད་སྒྲོ་རྩའི་ནང་ནས་སྔགྶ་མ་སྲིང་མོན་མོ་བལ་མོ་དང་བྱི་མོ་ལ་སོགས་བུད་མེད་ཚོགྶ་བྱ་ནག་རྒོད་ནག་ཚོགས་ ཆེན་ལྷགྶ་དངོས་སུ་ཤ་དང་མགོ་སུག་སྟེར་ཙིཏྟ་དངོས་སུ་འཕར་བ་དང་གསད་རྟགས་ཡོངས་སུ་རྫོགས་པ་དང་སྙིང་ལ་ཕུར་པས་གདབ་ཅིང་གྶད་དུག་ཤིང་ མེ་ལ་སྦྱིན་སྲེག་བྱཿ་ཐུན་ཁྲག་དམིགས་པའི་དགྲ་ལ་འྥང་ཐལ་བ་བསྡུས་ལ་ཉ་འོ་བྱཿ་དུར་ཁྲོད་དབུས་སུ་གནས་པར་བྱཿ་རིམས་ནད་དག་གིས་དམིགས་པ་སྒྲོལ་ དྲག་པོ་གཟའ་ཡི་དྲག་སྔགས་ནིཿ་མོན་པ་ནག་པོའི་ར་རོག་པོའི་ཐོད་པར་སྙིང་ནང་ལིངྒ་གྮུག་སྲོག་རྩར་གྲི་ལྕགས་སྦུ་གུ་གྮུག་ཡུངས་ཀར་ཡུངས་ནག་ཟངས་ ལྕགས་ཕྱེཿ་ཐུན་དུ་སྔགས་ཏེ་ཐོད་པར་བྲབ་མ་ར་བ་ཤ་མི་ཀི་དུ་རུ་དུ་རུཿ་མ་ཏི་ཛྭ་ལ་ཏི་ཛཿ་ཙ་བ་མ་ནིཿ་རུ་རུ་ར་ཧུ་ལཿ་ཨ་ཏྲ་ཏ་ཏྲ་པདྨ་ཤ་ར་ཤ་ར་ཤསྟ་ཨུ་མུ་ཀ་མུ་ར་རུ་ [385B]བུམ་དྲིལ་ཤི་ནིཾ་བ་བྷ་བ་ཧིཿ་ཁ་ཡག་ཁ་དུན་ཏིཿ་རུ་ཏི་ཤུ་ཏི་ཏྲིག་ཤུལ་པྲ་ཏིཿ་མཱ་ར་ཡ་ཛཿ་དབང་ཆེན་གཟའ་ཡི་དྲག་སྔགས་འདིཿ་དྲག་པོའི་ རྫས་ལ་སྔགས་ཏེ་བྲྡེག་ཤ་རུལ་ཁྲག་རུལ་བཙོས་དང་རྗེན་དཀར་གསུམ་མངར་གསུམ་རྫས་ཀྱིས་མྖོད་ཉི་ཟླ་ཀླད་ལ་འཁོར་བ་དང་མོན་པ་ནག་པོ་འོང་བ་དང་ སྦྲུལ་ཆེན་གཤོག་ཅན་འཁྲུག་པ་དང་བར་སྣང་འཇའ་ཡིས་ཁེངས་པ་དང་དགྲ་བོ་དངོས་སུ་ཁྲིད་ནས་འོང་རྒོད་དང་རི་དྭགས་གསོད་པ་དང་དོན་སྙིང་ནང་ཁྲོལ་ སྟེར་ཞིང་རོལ་དེ་ལྟའི་གསོད་རྟགས་རྫོགས་པ་དང་སྙིང་དང་ལིང་ག་ཧོཾ་མེར་བྶྲེག་ཐུན་རྫས་དགྲ་ཡི་ཡུལ་དུ་གྟོར་ཐོད་པ་ཀླུ་ཡི་རྟེན་སར་སྦཿ་ཆུ་འཁྱགས་སེར་ བ་དྲག་ཏུ་དྦབ་ཧུར་ཐུམ་ནད་ཀྱིས་གློ་བུར་འཆིཿ་ཁ་ཀླུགས་རྐང་ལག་རེངས་པར་འྒྱུར་གདུག་པ་ཀླུ་ཡི་དྲག་སྔགས་ནིཿ་ལུང་གསུམ་འདུས་པའི་དབེན་གནས་ སུཿ་སྟེགས་བུ་མཐིང་ནག་གྲུ་གསུམ་བྲུས་དགྲ་ཡི་ཕ་མེས་མགོ་བོ་འམ་ཡང་ན་མཛེ་ཅན་ཐོད་པ་རུཿ་དགྲ་ཡི་མིང་རུས་བྲིས་ཏེ་གྮུག་གཙང་མའི་སྣོད་དུ་དཀར་གསུམ་ དང་མངར་གསུམ་ཀླུ་སྨན་སྣ་ཚོགས་དང་རྟག་ཏུ་མཆོད་ཅིང་བསྔགས་པར་བྱཿ་ཨོཾ་ནག་པོ་ཏི་པ་ཙ་ཡཿ་ནཱ་ག་རཱ་ཛཿ་དག་བོ་ཧེ་ཁུ་ལ་ཕེ་ཤན་ན་ག་ཕོས་ཕོས་ [386A]༄༅། །ཤིགས་ཤིགྶ་ཧུ་ཡ་ཧུ་ཡཿ་ཏི་ཡ་ཏི་ཡཿ་ཏི་པ་ཙ་ཏི་པ་ཙཿ་ཨ་ཤ་ནག་པོ་ཏི་པ་ཙ་ཡཿ་ནཱ་ག་རཱ་ཛ་དགྲ་བོ་མ་ར་ཡ་རྦད་ཤཀྟི་རྦད་སྲོག་ཏི་ རྦད་སྙིང་ཏི་རྦད་སྙིང་ལ་རིལ་ཤམ་ཤམ་རྦད་ཨོཾ་ཤན་ནག་པོ་ཕེ་རག་ཨུདཱ་ནཱ་ག་རཱ་ཛ་ནན། ཐི་ལི་ནན་ཕོ་ལི་ནན་དྲག་ཏུ་བརྗོད་ཅིང་བསྒྲུབ་པ་ཡིས་མེ་ཆེན་འབར་ དང་ཆུ་ཆེན་བྲུབ་བ་ལང་སྤལ་སྦྲུལ་སྡོམ་སྡིག་ཚོགྶ་ཤིང་གཅོད་ས་སྙིལ་བྲག་རལ་སོགྶ་ལུས་ལ་ཤུ་བ་སྐྲང་ལོ་བྱུང་སྟོབས་ལྡན་གཉེན་པོས་དྲག་ཏུ་ བྕུན་དེ་ནས་བྱང་བལྟས་ཆུ་མིག་ཏུཿ་བྷ་ལིང་གཏང་ཞིང་བདེན་པ་བྡར་ཐོད་པ་ལིངྒར་བཅས་པ་མྣན་ཀླུ་རྒྱལ་འཁོར་དང་བཅས་ལ་གྟད་ཕུང་པོ་ལྷག་ མེད་གཏང་བར་བྶམ་གནས་སུ་བྱིན་ལ་བསྲུང་བར་བྱཿ་དགྲ་ནི་མཛེ་དང་རྨུགས་པས་འཆིཿ་སྡེ་བརྒྱད་སོ་སོའི་དྲག་སྔགས་ཀྱིས་འཇིག་རྟེན་ལས་ཀྱིས་མནར་བ་ཡིཿ་ བསྟན་པའི་རུ་ཏྲ་གདུག་པ་ཅན་མ་ལུས་རྣམས་ཀྱི་གཤེད་དུ་འྒྱུར་ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པའི་རྩ་བའི་རྒྱུད་ལས་དྲེགས་པའི་སྡེ་སོ་སོའི་ལས་ ལ་སྦྱར་བ་དྲག་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས་འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱིཿ་སོ་སོའི་རིགས་དང་གཏན་ཚིགས་ [386B]ཁམས་འདི་ཉིད་ཕུང་པོ་ཉོན་མོངས་ལ་བརྟེན་ནས་ང་རྒྱལ་དྲེགས་པའི་དབང་གིས་མྱོས་རང་གཞན་ཀུན་ ལ་འཚེ་ཞིང་རྩོད་གནས་ངན་ལེན་གྱིས་ཁ་ཁྲིད་བྱས་ལེགས་པའི་ལན་དུ་ཉེས་པར་སྤྱོད་མ་རིག་རྩ་བ་ཡན་ལག་གིས་གཏི་མུག་མུན་ཐིབས་བདུད་དང་ཀླུཿ་ང་ རྒྱལ་སྟོབས་ཀྱི་དྲེགས་པ་བྡག་ལྷ་དང་རྒྱལ་པོ་གོལ་སར་འྒྱུར་ཕྲག་དོག་གཟའ་དང་གཤིན་རྗེའི་རིགྶ་འདོད་ཆགས་མ་མོ་གནོད་སྦྱིན་རིགྶ་ཞེ་སྡང་བཙན་དང་ སྲིན་པོར་གོལ་སྲོག་ལུས་འབྲེལ་བས་བདུད་ཅེས་བྱཿ་ཡི་དྭགས་གཤིན་རྗེ་རྡོག་རྣམས་རྗེཿ་ཕྲ་མོར་རྒྱུ་བ་སྣང་ཞིང་དྲེགྶ་དེ་ཡི་དོན་གྱིས་སྲིན་པོར་བྱུང་གང་གིས་ གནོད་པ་སྦྱིན་བྱེད་པཿ་དེ་ཡི་རིགས་དང་མཚན་ཉིད་དོཿ་གང་ལས་བསྐྱེད་པ་མ་མོ་སྟེཿ་སྐྱོད་བྱེད་ནུས་པ་ལྷ་ཡིན་ནོཿ་གདུག་ཅིང་གཏུམ་པས་མི་འཆོར་བཿ་གཟའ་ཞེས་ བྱ་བར་བརྗོད་པ་ཡིན་བླུན་ཞིང་མྱོས་པས་ཀླུ་ཞེས་བྱཿ་འགྲོ་བ་རིགས་དྲུག་སོ་སོ་ལཿ་བདུད་དང་ལྷ་དང་ལྷ་མིན་ཏེཿ་གནོད་སྦྱིན་གཟའ་དང་རྒྱུ་སྐར་བྕས་རྒྱལ་ཆེན་ རིགས་བཞིའི་ལྷ་ཡི་སྡེཿ་མ་མོ་སྲིན་པོ་མི་ཡི་སྡེཿ་གཤིན་རྗེ་ཡི་དྭགས་སྡེ་ཡིན་ཏེཿ་ཀླུ་ནི་བྱོལ་སོང་སྡེ་ཡིན་ཏེཿ་བདུད་རིགས་ཕོ་དང་མོ་ཡི་རིགྶ་ཡེ་ནས་གནས་དང་གློ་ [387A]༄༅། །བུར་བྱུང་འཐབ་དང་མྱོས་དང་དྲེགས་པར་བྱེད་སྲེད་དང་ཆགས་པར་བྱེད་པ་སྟེཿ་གཤིན་རྗེ་ལས་དང་ཞིབ་སྟེཿ་གཟུགས་ཅན་གཟུགས་མེད་ དབང་ཅན་དང་དབང་མེད་གྱི་དང་ནང་ཁྱད་པར་ལས་ཀྱིས་རབ་ཏུ་བསྒྲིམས་པ་ཡིཿ་སྲིན་པོ་ཤ་ཟ་རྒན་མོ་ཅན་སྤྲུལ་པ་དང་ནི་གཟུ་ལུམ་ས་ཅན་རབ་ཏུ་རྒྱུ་དང་གཅིག་ པུ་གནས། །གནོད་སྦྱིན་གཙོ་དང་འཁོར་གྱིས་བྲྟགྶ་གྲོལ་བ་དང་ནི་རང་རྒྱུད་དེཿ་ཐ་དད་རིགས་ནི་བཅོ་བརྒྱད་དེཿ་གནོད་ཅིང་འཚེ་བའི་བདག་ཉིད་ཅན་ལྷ་ནི་འདོད་ པའི་གཟུགས་ཅན་དང་གཟུགས་མེད་ལྷ་མ་ཡིན་དུ་གྟོགྶ་རབ་ཏུ་གདུག་རྩུབ་ཚེ་བས་ནིཿ་ལྷ་མིན་མི་མ་ཡིན་དུ་གྲགྶ་གང་ལས་བྱུང་དང་གང་ལས་སྲིང།། གང་གིས་བསྐྱེད་པའི་གཞིར་གྱུར་པཿ་མ་མོ་ཞེས་སུ་གྲགས་པ་སྟེཿ་ལས་དང་ཡེ་ཤེས་བསྡུས་ཤིང་ཕྱེཿ་ཕྲ་དང་རགས་པའི་ཁྱད་པར་གྱིས་ཆེ་ཆུང་གཙོ་དང་འཁོར་ དུ་སྣང་མཁའ་ལ་རྒྱུ་བའི་དྲག་ཤུལ་ཅན་ལས་ཀྱི་ཕུང་པོ་ཁོ་ན་འོཿ་རྒྱལ་པོ་བླ་རྗེ་བྲམ་ཟེ་དང་དམངས་དང་གདོལ་པ་ཅན་རྣམས་ཀྱིས་ཉི་ཤུ་རྩ་ལྔའི་ཡན་ ལག་འྒྱུར་ཐ་དད་རིགས་ནི་སྡེ་ཡིན་ནོཿ་འདི་དག་ཐོག་མའི་ལས་ཀྱི་དྔོས་དངོས་དང་རང་བཞིན་མཚན་ཉིད་ཀྱིས་མ་རིག་འཁྲུལ་པའི་གཟུང་འཛིན་བྱུང་ [387B]ལྡང་འཁྲུག་ཅིང་འཚེ་དང་རྩོད་པར་ཤར་བསོད་ནམས་ལས་དང་དེ་མ་ཡིན་ལས་ཀྱི་མཐའ་གཉིས་གཡང་ སར་ལྟུང་ནག་ཅིང་མི་དགེ་ཟག་པར་བྕས་ཁ་ནས་མ་ཐོ་ལུང་མ་བྶྟན་ལོག་པ་ལུས་ངག་ཡིད་གསུམ་གྱིས་གནས་ངན་ལེན་པའི་རྒྱུན་ཆགས་མྠུང་དུས་གསུམ་ ཕྱོགས་དང་བཅས་པ་ཡིཿ་རྗེས་སུ་འགྲོ་དང་བཟློག་པ་ཡིས་འཁོར་བའི་རྟེན་གཞི་དམ་པོ་བྩུགྶ་སོ་སོར་མ་རིག་སྲོག་ལ་གྕོད་ལོངས་སྤྱོད་འཕྲོག་ཅིང་རྣམ་ པར་འཚེཿ་གཟི་མདངས་འབྱོར་པ་སྡེ་དང་བྕས་གང་ཡིན་འཇོམས་ཤིང་རླག་ནུས་ལཿ་རྒྱུད་ལ་སྡུག་བསྔལ་སྐྱེད་བྱེད་པཿ་མ་རུངས་ཉེས་པ་འབྱིན་བྱེད་ལས་སྲོག་ ལེན་ཚེ་འཕྲོག་གཅོང་དང་ཤཿ་མྱོས་འཐིབས་བྱི་ནད་རིམས་དང་ཡམྶ་གཅོག་འགྱེལ་གདུག་པའི་ནད་འབེབས་ཤིང་རྨེ་དང་འཁྲུག་པ་རྩོད་པ་དང་ཐོར་ཤོད་ལས་དང་ དམོད་པ་ཡིས་རང་གི་སྡེ་ལས་རེ་རེ་ཡང་ཀུན་ལ་ཁྱབ་པ་བརྒྱད་བརྒྱད་དེཿ་དྲུག་ཅུ་རྩ་དྲུག་ཡན་ལག་བྕས་ལས་ཀྱི་དབྱེ་བ་བསམ་མི་ཁྱབ་དྲེགས་པའི་བདག་པོ་སོ་ སོ་ཡིཿ་རང་བཞིན་དགོངས་པའི་བྱེ་བྲག་གིས་དུས་གསུམ་སངས་རྒྱས་བསྟན་པ་དག་ཚུལ་བཞིན་སྲུང་བའི་དམ་ཚིག་ཅན་དྲག་སྔགས་ལས་ཀྱི་དམོད་པ་ལཿ་བརྒྱ་ [388A]༄༅། །དང་བཅུ་གཉིས་བཅུ་དྲུག་གིས་ནུས་པ་རྫུ་འཕྲུལ་མཐུ་ལ་སོགྶ་རང་གི་རིགས་ལ་གང་སྔགས་པཿ་དེ་དང་དེ་ལ་རབ་སྦྱར་བས་ལས་ཀྱི་མཐའ་ ལ་གང་དམིགས་པཿ་རྡོ་རྗེ་ཅན་གྱིས་ཡོངས་གྲུབ་སྟེཿ་ང་ཡི་སྟོབས་དང་ནུས་པ་དང་མཐུ་དང་རྫུ་འཕྲུལ་ཡོན་ཏན་ཚོགྶ་ལུས་ངག་ཡིད་ཀྱིས་རབ་འབད་པཿ་གང་ཡིན་ དེ་ལ་མངོན་པར་འྦྱུང་དེ་ཡིས་ཐུན་མོང་ཡོངས་འགྲུབ་ཅིང་མཐར་ཕྱིན་པ་ཡང་ལེན་པར་བྱེད་འདི་ལས་མ་འོངས་རྙོག་པ་ཅན་ཐེ་ཚོམ་བསྐྱེད་པར་མ་བྱེད་ཅིག་ ང་དང་རྒྱལ་བ་ཐམས་ཅད་ཀྱིས་འདི་ནི་རབ་ཏུ་བསྔགས་པའོ་ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་།དྲེགས་པ་ཅན་གྱི་སྡེ་རིགས་དབྱེ་བ་ བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས་ལས་ལ་སྦྱར་བའི་རིམ་པ་གྶུངྶ་དུར་ཁྲོད་ཆུ་གླིང་རི་རྩེ་དང་ཆུ་འདུས་ངམ་གྲོག་ འཇིགས་སུ་རུང་ཕུང་ཤུལ་ནགས་ཁྲོད་མ་རུངས་པཿ་དྲེགས་པ་ལས་ཀྱི་གནས་ཡིན་ནོཿ་མི་རུང་མི་གསང་ཕུང་ཤུལ་སཿ་རྡུར་ཟད་ཕེ་ཏ་རུལ་ཆད་སཿ་ས་སྨིན་དྲི་ཆེན་ མ་རུངས་ཁྲག་ལས་ཀྱི་རྟེན་འབྲེལ་དམིགས་པའི་རྫས་རྟ་ནག་དྲེ་ནག་མ་ཧེ་དང་ཆུ་གླང་དང་ནི་སྟག་སེང་དང་རྟ་དཀར་ནེ་ལེ་རྒོད་དཀར་དང་དོམ་ནག་རྨུ་རྟ་བན་ [388B]ཀུ་ཤེལ་དང་མིཿ་རྒྱལ་མཚན་ཐོད་པ་སྙིང་དང་ཁྲག་བདུད་རྩི་འབྲུ་བཅུད་བྱང་ཆུབ་སེམྶ་རང་གཟུགས་སྙིང་པོ་འཁོར་ ལོར་བྕས་རྒྱན་ལྡན་ཤོས་ཆ་མཐུན་པའི་རྫས་དམ་ཚིག་མཆོད་ཅིང་བརྟེན་པ་འོཿ་སོ་སོར་བསྔགས་པའི་ལས་ཁུང་དུཿ་ཐོད་ངན་འབྲུ་ནག་དུག་ཁྲག་ཡོས་རྒྱུ་གསུམ་ ཕུ་ས་མཚོན་ཆ་རྣམྶ་གསད་པ་ཐུན་གྱི་རྫས་ཡིན་ནོཿ་རྨེ་ཁྲག་གསུམ་དང་དྲི་ངན་གྶུམ་སྲོག་ཆགས་གསུམ་དང་རྨེ་རྫས་གྶུམ་ཐབས་རྫས་གསུམ་དང་བསྲེག་ རྫས་གྶུམ་རྟེན་ས་གསུམ་དང་དྲིལ་ས་གྶུམ་བཞུགས་ས་གསུམ་དང་དབབ་ས་གྶུམ་ཀུན་རྫོགས་རྩོལ་བའི་སྦྱོར་བ་ཡིས་ཆུ་དྲག་དབབ་པ་ངེས་པར་འྒྲུབ་ རིགས་སུལ་སྣོད་དང་མཆོད་རྫས་དང་གནས་སྦྱོང་བྱང་ཆུབ་སྲིད་འདོར་བློས་ལེགས་བསླངས་ཡིད་ཀྱིས་མཐུན་སྤྱད་པས་གང་ལ་དམིགས་པ་དེར་གཏད་པས་ཆོས་ སྐུའི་གཟུགས་བརྙན་རྟེན་ཁང་ལཿ་སྟེང་འོག་གནས་གསུམ་བདག་པོ་གྶུམ་རྒྱ་མཚོའི་གཏིང་དང་རི་རབ་ཟུར་བར་སྣང་ཁམས་དང་ནམ་མཁའི་དྦྱིངྶ་སྲུང་དང་ ཟློག་དང་གསོད་པའི་ལས་དམག་དཔུང་བསྡུ་དང་དཔལ་སྐྱེད་དང་རབ་ཏུ་ཁྲོས་དང་སྦྱོར་བ་ཞིག་ལས་ཀྱིས་ཕ་རོལ་དམོད་པས་བྯློག་ངན་པའི་ཐོད་པ་སྣ་གསུམ་ [389A]༄༅། །དང་ཤིས་པ་མ་ཡིན་ས་བརྒྱད་དུཿ་རྟེན་ཅིང་འབྲེལ་པ་འབྱུང་སྦྱོར་བས་དམིགས་པའི་ནུས་སྟོབས་གནོན་པར་བྱེད་ཁྱད་པར་ལས་ཀྱི་བྱེ་བྲག་ གིས་རྒྱལ་པོ་ཡ་རབས་རྗེ་དཔོན་དང་ཆུང་མ་སློབ་དཔོན་མཁན་པོ་དང་རབ་བྱུང་ཁྱིམ་བསྔགས་སྤྱོད་དང་ཕྱི་རོལ་ཕྱོགས་དང་ཆོས་ཀྱི་གྲོགྶ་ཆེ་བཙན་ དྲེགས་པས་སྙེམས་པ་དང་ང་རྒྱལ་ལྡན་ཞིང་སྐལ་བ་བྯང་ཀུན་གྱིས་བཀུར་ཞིང་བརྗོད་པ་དང་སེམས་རྒྱུད་བསྲེལ་དང་ཡུན་གྱིས་དྲིན་ཉེ་བར་བསྟན་ཅིང་བསླབ་ སྦྱོང་གྣས་ལྷག་པའི་ལྷ་ཡིས་རབ་བསྐྱངས་ཏེཿ་ཐུན་མོང་ནུས་པའི་སྟོབས་རྙེད་ཅིང་ཡོན་ཏན་གཅིག་གིས་རབ་བསྡུས་པས་ཚར་གཅད་དཀའ་བའི་ཡུལ་ཡིན་ ཏེཿ་མ་ལུས་གང་ལ་བསྔགས་པ་ཡིཿ་ཏིང་ངེ་འཛིན་དང་དམིགས་པའི་གྲོགྶ་རབ་སྔགས་བརྩོན་འགྲུས་ཅན་གྱིས་བྶྒྲལ་གཞན་ཡང་ཞི་དང་རྒྱས་པ་དང་དབང་ དང་མངོན་པར་སྤྱོད་རྣམས་དང་རྡོ་རྗེ་འཛིན་པ་ང་དང་གྮན་མཚུངས་ལྡན་རྣམས་ཀྱིས་བཤད་པ་བྮིན་ཐོགས་མེད་ནུས་པའི་སྟོབས་ཀྱིས་སྤྱད་དེ་དག་གསང་ བའི་དམོད་པ་ཡང་དྲེགས་པ་སྡེ་བརྒྱད་སོ་སོ་ཡིཿ་གལ་གནད་སྙིང་པོ་འདི་དག་གོཿ་ཡ་མ་དུ་ཧ་ན་ཧ་ན་ཏིཥྚ་ཏིཥྚ་རུ་ཏྲ་མ་མ་སོད་སོད་ཁ་ཏྲི་ཙམ་ཏྲི་ཛ་ཛ་ཤོག་ཏྲི་ཛ་ [389B]ཨ་མུ་ཀ་སྲོག་ལ་ཛ་ཛ་བྷྱོ་ཏྲི་ཙ་པ་ལ་ཨ་ཤུགྨེ་ཨ་བཧི་ཤཿ་ཨ་བཧི་ཤུཿ་ཙ་ག་ཏྲི་རགཤ་ས་མ་ཡ་དུན་ཐུམ་རིལ་ལི་ལིཿ་མྱགས་མྱགས་ མྱོགྶ་སྲོག་ལ་ཐུན་རྦད་རག་ཤ་སྲོག་ལ་ཕྲིག་ཕྲིག་ཨ་པ་ཏི་ལི་ཀི་ནི་ཡ་མ་ཤྲི་ཧྲི་སྟི་བཧྲི་ཀྲི་ཏ་ན་ཀྲོ་མ་རི་པ་ཏྲ་སྲོག་ལ་དུན་བྷྱོ་མཧཱ་ཡཀཤ་ཐུམ་རིལ་རྦད་མ་རུ་ཙེ་ངག་ཤ་ གདི་པ་པྲ་མ་ལིང་གསོད་སྒྲ་གཅོད་བྱེད་འཕྲོག་བྱེད་ཀྱིས་མ་ལུས་ལས་ལ་བསྔགས་པར་འྒྱུར་ནྲྀ་ཧུར་ཐུམ་ཛཿ་ཤ་ཏྲུཾ་མ་ར་ཡ་རྦད་ཨ་མུ་ཀ་མ་ར་ཡ་ནུ་མ་ཀ་མ་རུ་ སོད་སོད་གསད་པ་ཐུན་གྱི་དམོད་པའོ་བྱི་ཤ་མི་ཀི་དུ་རུ་མི་ཏྲི་ཀ་ཏ་ཛྭ་ལ་ཨ་ཏ་ཛྭ་སཱཧཱ་ཙ་པ་ཏི་ར་ཧུ་ལ་མཧཱ་ཀྲོ་དྷ་ཀ་པ་ཤར་ཤར་ཏ་ཤར་ཏི་ཧཱུཾ་ཕཿཊ་བི་ཤུ་ལ་དུ་མ་གི་ཤ་ ཛྭ་ལ་ཨ་ནཿ་མ་ཧཱ་ཙནྡྷ་རཀཤ་ཧྲི་དྷ་ནྲྀ་མ་ཡ་རུ་ཏྲ་ས་ཏྲི་བྱི་ནག་ར་ཙ་བེ་ག་ཨ་ནནྟ་རཀྵ་ཏི་སནྡྷ་རཀྵི་ན་ཙ་ཏ་བྷ་མི་ཀུ་རུཿ་མུ་ཧྲི་ཙནྡྷ་དུམ་བུ་དུམ་བུཿ་ཁ་ལ་རག་ཤུ་ཐུམ་རི་ལི་ལི། མ་ མ་ས་མ་ཡ་ཏྲག་རཀཤ་ཏྲག་རག་ཤ་མ་ཏྲི་ག་ནཿ་མ་ས་ཁ་ཡ་ཀུ་རུ་ཏི་ཙི་བྷ་ལི་མུ་ཏ་ད་ར་ད་རཿ་ཏྲི་ཀ་ར་མི་ཏྲིཿ་དུལ་དུལ་སྙིང་ཁྲག་ལ་རིལ་རིལ་རྩ་ལ་ཐུན་ཐུན་ཏྲག་རཀྨོ་ཧྲིལ་ ཧྲིལ་ཤག་ཤག་ཤར་ཤར་རྦད་མ་མ་ཙག་ཤ་ཏྲག་ཏུ་ཕྲོམ་ཨ་སེ་ལ་མི་བྱི་རུ་ལུ་རུ་ལུ་མ་མ་ཏྲག་རཀཤ་ཧྲིལ་ཧྲིལ་ཤར་བྷྱོ་མ་ར་ཡ་རཾ་ཧྲིལ་ཤར་བྷྱོ་ཤེལ་ཏྲ་ཧཱུཾ་དྲག་དུ་རྩར་ [390A]༄༅། །ཤུ་ཏི་ཕྲོཾ་ཀར་ཕྲོཾ་ཕྱིར་མ་ཏི་པ་ཤཿ་མི་ཀི་རི་ར་ཧུལ་ཤག་ཧྲིལ་ཕོབ་ཁྲག་ལ་ཙ་ར་མུ་ཤ་བྷྱོ་ཏྲག་རཾ་ཐུན་ཤག་རིལ་རཾ་ཤར་བྷྱོ་བདུད་ཕྲོཾ་ན་ག་ ཧྲིལ་སེན་ཤགས་དུ་མ་ཧྲིལ་བྷྱོ་བྲ་ཏ་པ་ཤ་ཡ་ཡ་མ་སྙིང་ཡ་མ་ཁྲག་ར་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག་སེར་སེར། ཏུག་ཏུག་ཡ་ཡ་ཕོབ་ཕོབ་མུ་ཀ་ཡེཿ་ཀ་པ་ཡེཿ་ཨ་ པ་ཡེཿ་ཧྲི་སྟི་བྱི་ཀྲིན་ཏེ། ཛ་པ་ཏི་ར་ཧཱུཾ་ལ་མ་ཧཱ་ཀྲོ་དྷ་ཀ་བབ་ཏ་ཤར་ཤལ་ཏ་ཏེ་ཧཱུཾ་ཕཿཊ་ཐིག་ནིག་ཤུ་ཏི་ཕྲོཾ་བདུད་ཕྲོཾ་མཐོངས་ཕྱེཿ་ལྕགས་སྒྲོག་ཁྲོལ་མི་རིང་ སོང་རྐྱང་རྗེ་རྐྱང་མོཿ་ཙུ་རུ་ཙུ་རུཿ་ཧོ་ཧོཿ་ཕྲོཾ་ཕྲོཾ་མུ་ར་མུ་ར་ཤཿ་དུ་རུ་ཕྲོཾ་ཐོག་ཧཱུཾ་ཧཱུཾ་སོད་སོད་རླུང་དང་སྤྲིན་དང་རབ་རྒྱུ་དང་ཕྱོགས་དང་རྟགས་ཀྱི་ཚད་ལྡན་ པས་དབབ་པའི་སྦྱོར་བ་ཤེས་པར་བྱཿ་སྟེང་འོག་བར་གསུམ་དྲག་པོའི་ལས་གཞུག་དང་གཏོར་དང་བསྲེག་པ་དང་བསྐོལ་དང་དགུག་དང་སྦྲེང་བ་དང་འབོད་ དང་དམོད་དང་གདུང་བ་དང་གཟིར་དང་བསྐོར་དང་གཞིག་པ་དང་གཅད་དང་དྲིལ་བའི་ལས་རྣམས་ཀྱིས་སྨིན་པའི་ལོ་ཐོག་འཇོམས་པར་བྱེད་ནག་པོ་ཏི་པ་ཙ་ ཡ་ན་རག་ཤར་ར་ཙ་དཧེ་གུ་ལ་ཕེ་ཤ་རག་ཤ་ནན་ཕོས་ཕོས་ཤིགས་ཤིགྶ་ཧུ་ཡ་ཧུ་ཡཿ་ཏིར་ཡ་ཏིར་ཡཿ་ཀ་ལ་ནཱ་ག་བནྡྷ་དགྲ་བོ་མཱ་ར་ཡ་ཛཿ་ནག་པོ་ཏི་པ་ [390B]ཛ་ཛཿ་ཨ་ཤ་ནན་ག་ཏི་པ་ཙ་ཡ་དགྲ་བོ་མཱ་ར་ཡ་ཛཿ་ནཱ་ག་རཱ་ཛ་ཤག་ཏི་སྲོག་ཏི་ལ་རྦད་སྙིང་ལ་རོལ་ཤམ་ཤམ་རྦད་ཨི་ཤ་ན་ ནན་ཕེ་ཤ་རག་ཤ་ཨུ་ནན་ནཱ་ག་ནན་ཐི་ལི་ནན་ཕི་ལི་ནན་ཙི་རི་ནན་ཨ་པར་སོད་རྨག་དུལ་དུལ་ཀ་ལ་རྡུབས་མྱོགས་ཐིབྶ་མ་ར་ཡ་འདུས་འྡུས་དྷ་ར་དྷ་རཿ་དཧུ་རུ་ དཧུ་རུཿ་རུ་རུ་ར་རཿ་ཏི་ཏིཿ་ཏྲི་མོ་ཏི་ཏིཿ་ག་རུ་ག་ར་ག་ཏོར་ཛ་མར་ཏེ་གང་མན་ཛ་ཕེ་ཤན་རག་ཤ་ཨུ་ཏ་ནན་བྷ་ཤ་ནིཿ་ཤ་ར་ལེཿ་ཤུ་རུ་མུ་ལེཿ་དྷ་ཏ་མ་རེ་ནཿ་ཧཱུ་ཡ་ཧཱུ་ཡཿ་ར་ཏི་ར་ཏིཿ་ ཐི་རྀ་ཤག་ཙག་གིཿ་ནྲྀ་མཱ་ར་ཏྲི་ཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བཾ་རིལ་ནག་པོ་ཏི་པ་རག་ཤ་ནན་ཁུག་རོ་ལ་བཾ་དགྲ་བོ་མཱ་ར་ཡ་ཛཿ་ནག་པོ་ཏི་པ་ཙཿ་སྙིང་ལ་ཛཿ་ ཤག་ཤན་ནན་ཁུག་ཐུམ་རིལ་རྦད་ཙན་དྲི་རག་ཤ་རོ་ལ་ཁུག་ཐུན་ཀ་ལ་སྙིང་ལ་ཐུམ་རིལ་རྦད་ཀ་ལ་ཤོ་རེ་སྙིང་ལ་ཏྲག་ཤ་ཧ་ར་ཀཿ་ཨ་མུ་ཀ་མཱ་ར་ཡ་ཐུམ་རིལ་རྦད་ནན་ ཁུགས་དང་འགྲོ་དང་ལས་བྱེད་པའི་རང་གི་རྟགས་དང་ལྡན་པ་ནཿ་དམིགས་པའི་ལས་ལ་སྦྱར་བར་བྱཿ་ཟློག་དང་མ་གྲུབ་འཁྱིལ་བ་དང་འབྱམས་དང་སྡུག་དང་ཟད་ མཐར་གྟུགྶ་གཉེན་པོ་འདབ་མ་སྣ་སེལ་དང་བསྡུ་དང་སྤོ་དང་མི་ཟད་གྟེར་ལོངས་སྤྱོད་ཐུག་པ་མེད་པ་ཡིས་དབྱིངས་ཀྱི་ངང་དུ་གཏད་པར་བྱཿ་སྡེ་བརྒྱད་སོ་སོའི་ [391A]༄༅། །མིང་གི་སྔགྶ་རང་སྐད་དམོད་པའི་ཡན་ལག་ལཿ་དཧེ་བ་ཨ་བྱི་སརྦ་བྷྱོ་བྯློག་བྲ་ལ་དུན་རྩེ་ཕོབ་བཛྲ་འགྲིག་ཤོ་ས་མ་ཡ་ཧྲི་བྷྱོ་སནྟི་མ་རུ་རུཿ་ ཡ་མ་ཏྲིག་བཧུ་ཏ་ཀྵི་པ་ལོ་ཧཱུཾ་བཟློག་བསྒྱུར་གདུག་པའི་དྲག་སྔགས་ཀྱིས་ལས་ཀྱི་མཐར་སྒྱུར་མ་ལུས་པར་ང་འམ་ང་དང་འདྲ་བ་ཡིཿ་རྡོ་རྗེ་འཛིན་པ་གཞན་རྣམས་ཀྱིས་ ཕྱི་ནང་གསང་བའི་ལས་རྣམས་ཀྱིས་གང་ལ་བསྔགས་པ་དེ་དག་སྦྱར་གཞན་གྱིས་ཐེ་ཚོམ་མི་བྱ་སྟེཿ་ང་དང་དུས་གསུམ་སངས་རྒྱས་ཀྱིས་དེ་ལ་རིག་པར་སྣང་བ་ ཡིན་ཞེས་བཀའ་སྩལ་ཏོཿ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་འཕྲིན་ལས་དམིགས་པའི་ཁྱད་པར་ལས་སྦྱར་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ་འཛིན་པ་ཡིས་ཡོན་ཏན་བསྟོད་པ་འདི་གསུངས་སོཿ་ཧཱུཾ༑ དུར་ཁྲོད་ཆེན་པོའི་རོལ་པའི་དཀྱིལ་འཁོར་ནས་གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ནཿ་གདུག་ བྱེད་རུ་ཏྲ་སྟི་རའི་ཁྲི་སྟེང་ནཿ་མདངས་ལྡན་ཉི་ཟླ་པདྨའི་གདན་སྟེང་ནཿ་དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོཿ་བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནིཿ་ སྐུ་མདོག་མཐིང་ནག་རབ་ཏུ་འྦར་ས་དགུ་རྫོགས་པས་དབུ་དགུ་སྟོན་སྟོང་པ་བཅོ་བརྒྱད་ལྡན་པའི་ཕྱག་ཞབས་ཀྱིས་བརྗིད་པའི་བདུད་བཞི་གྣོན་དབུས་ [391B]གཙིགས་པའི་ཞལ་རལ་པ་ཁམ་ནག་སྲིད་རྩེར་འྦར་ཁམས་གསུམ་མ་ལུས་སྤྱན་གྱིས་གྯིས་ཤངས་ཀྱིས་ སྲིད་གསུམ་མ་ལུས་རྡུབ་སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འྒེངྶ་ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལ་ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབ་ཁྲོ་གཉེར་ འོད་ཀྱིས་དབང་དུ་སྡུད་འཕྲིན་ལས་རིགས་ཀྱིས་དབུ་ལ་བྲྒྱན་བཅོ་བརྒྱད་ཕྱག་གི་དང་པོ་གྙིས་དབང་སྡུད་རྡོ་རྗེ་དྲིལ་བུ་འྫིན་གཡས་གཡོན་འོག་མའི་ཕྱག་བརྒྱད་ ནཿ་དྲེགས་པའི་ལྷ་བརྒྱད་བནྡྷ་ཡས་ཙིཏྟ་སྲོག་རྩ་གཡོན་ན་བྶྣམྶ་འབར་བའི་ཆས་ཀྱིས་སྐུ་ལ་བྲྒྱན་སྲུང་བའི་ལྷ་བརྒྱད་སྐུ་ལ་རྫོགྶ་གཡས་གཡོན་ཞབས་ ཀྱིས་དྲེགས་པ་གྯིར་མ་རུངས་གདུལ་དཀའ་རྣམས་ཀྱི་གཤེད་ལོག་ལྟ་རུ་ཏྲ་འདུལ་བའི་དྤལ་འབྱུང་ལྔའི་བདག་མོ་གཉིས་མེད་ཡུམ་དབུ་གསུམ་ཕྱག་དྲུག་ཞབས་ བཞི་སྦྱོར་གྲི་གུག་ཏྲི་ཤཱུལ་བདུད་རྩི་ཡས་བནྡྷ་ཞིང་ཆེན་གཡང་གཞི་ཡོན་མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབ་ཆེད་འགའ་རིགས་ཀྱི་སྤྲུལ་པ་འདིཿ་དབུ་གསུམ་ ཕྱག་དྲུག་ཞབས་བཞིར་བྒྲད་སྐུ་མདོག་མཐིང་ནག་ཁྲོས་ཤིང་རྔམ་ཕྱག་དྲུག་གཡས་གཡོན་དང་པོ་ཡིས་རྡོ་རྗེས་དུང་ཁྲག་དཀྲུག་ཅིང་གྶོལ་གཡས་གཡོན་གཉིས་ [392A]༄༅། །ཀྱི་ཕྱག་བཞི་ཡིས་ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་རོལ་ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མཿ་སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོར་གཡས་ཀྱི་ ནམ་མཁའ་སྟོང་ཁམས་འྡེགྶ་གཡོན་གྱིས་འཇིག་རྟེན་ས་གཞི་གྣོན་ཞལ་ནས་འབྱུང་བ་ལྔ་འཆར་མཿ་དཔལ་ཆེན་ཡབ་ཡུམ་བྱིན་རླབས་ལས་སྤྲུལ་པའི་དྲེགས་པ་ ཕོ་མོ་གཙོཿ་བདུད་མོ་ནག་མོ་ཁ་རླངས་ཅན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མྠིང་ཁྲམ་ཤིང་ཏྲི་ཤཱུལ་གཡས་ན་བྶྣམྶ་གཡོན་གྱིས་ཁ་ཊཱཾ་ཞགས་པ་འྥེན་ན་ བཟའ་ཞིང་ལྤགས་རློན་པ་གྶོལ་ཞབས་གཉིས་གདུག་པའི་སྙིང་གར་གྯིར་བདུད་མོ་ནག་མོ་ཁྲག་འཛག་མཿ་ཁྲག་བམ་ཐོད་རློན་ཕྱག་ན་བྶྣམྶ་སྐུ་ལ་ཞིང་ ལྤགས་གསར་པ་བྒོས་བདུད་རྟ་ནག་པོ་ཆིབས་སུ་བྕིབྶ་ཞབས་ཀྱིས་དགྲ་བགེས་བཤུགས་ཀྱིས་སྒྲོལ་འཆི་བདག་གཤིན་རྗེ་ནག་པོ་ནིཿ་ཞལ་གཅིག་ཕྱག་ གཉིས་སྐུ་མདོག་ནག་ཕྱག་གཡས་ཐོད་ཁྲག་གྲི་གུག་ཡོན་བཙུན་མོ་ཡུམ་ཆེན་ཟ་བྱེད་མཿ་གྲི་གུག་ཐོད་པ་ཕྱག་ན་བྶྣམྶ་ཡབ་ཡུམ་ཞིང་ལྤགས་རློན་པ་ གྶོལ་མ་ཧེ་ཁྲོས་དང་ཆུ་གླང་བྕིབྶ་ཞབས་ཀྱིས་དགྲ་བགེགས་ཕོ་མོ་གྯིར་སྲིན་པོ་གསོད་བྱེད་སྐུ་མདོག་ནག་ཕྱག་ན་རལ་གྲི་ཐོད་ཁྲག་བྶྣམྶ་ཡུམ་ཆེན་ [392B]བཟའ་ཞིང་ལྤགས་རློན་པ་གྶོལ་སྟག་སེང་རོལ་པ་ཆིབས་སུ་བྕིབྶ་གནོད་སྦྱིན་གང་བ་བཟང་པོ་ཡང་ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོཿ་དར་ནག་འཕྱར་ཞིང་ཞིང་ལྤགས་བྲྡེག་ཡུམ་ཆེན་ཤ་ཟ་རལ་གཅིག་མཿ་ཡུལ་གྱི་ཚུལ་འཛིན་སྤྲུལ་པ་མོཿ་ཞིང་ལྤགས་ གྱོན་ཏེ་གྱི་ལིང་བྕིབྶ་དྲག་སྔགས་བདག་པོ་ཆེན་པོ་ནིཿ་དབང་ཕྱུག་ཆེན་པོ་ལྷ་ཡི་གཙོཿ་མདོག་དཀར་ཤེལ་གྲི་བ་དན་འྥྱར་ན་བཟའ་དར་དཀར་བེར་ཆེན་ གྶོལ་ཆིབས་སུ་གནམ་རུ་དཀར་པོ་བྕིབྶ་ཐར་པ་ནག་པོ་རུ་ཏྲའི་གཙོཿ་མཆོད་གཏོར་དུག་ཐུན་ཕྱག་ན་བྶྣམྶ་ཞིང་ལྤགས་གྱོན་ཏེ་དོམ་ནག་བྕིབྶ་རྨུ་ བདུད་རྗེ་དཔོན་ནག་པོ་ནིཿ་དར་ནག་འཕྱར་ཞིང་སྟི་ར་འྡྲད་བེར་ནག་གསལ་ཞིང་རྨུ་རྟ་བྕིབྶ་མུ་སྟེགས་ཀ་ལ་ཡག་ཤ་ནིཿ་མཐིང་ནག་ཁ་ཊཱཾ་ཏྲི་ཤཱུལ་འྫིན་ ཞིང་ལྤགས་བགོས་ཏེ་མ་ཧེ་བྕིབྶ་ཁྱབ་འཇུག་རོ་ག་ཏི་ནག་པོ་ཡང་ཁྲམ་ཤིང་དགྲ་སྟ་ཕྱག་གིས་འྫིན་སྤྲིན་ནག་བ་གོས་ཏེ་འབྲུག་སྔོན་བྕིབྶ་ཀླུ་རྒྱལ་བ་རུ་ ན་ཡི་རྗེཿ་སེར་ནག་སྤྲུལ་གྱི་ན་བཟའ་གྶོལ་བུམ་པ་རུས་སྦལ་ཕྱག་གིས་འྫིན་ཆིབས་སུ་ཆུ་སྲིན་མགོ་དགུ་བྕིབྶ་རྒྱལ་པོ་ཧར་མཛེས་ཞེས་བྱ་བཿ་མདོག་དཀར་ [393A]༄༅། །ཤེལ་གྲི་དར་དཀར་འྫིན་སྲས་མཆོག་འབར་བ་དམར་པོ་སྟེཿ་མདུང་རིང་གཡོས་ལ་ཤན་གྲི་ཡོན་རྡོ་རྗེ་མཛེས་པ་མདོག་དམར་པོཿ་རུ་ མཚོན་དགྲ་སྟ་ཕྱག་གིས་འྫིན་ཁུ་ལེ་ལག་དགུ་འབར་བ་ཡང་མདོག་སེར་སྤྲུལ་པའི་ལག་དགུ་འྒྱེད་ཞིང་ལྤགས་བགོས་ཤིང་སྟི་ར་གྣོན་དྲག་སྔགས་ བདག་པོ་གཙོ་འཁོར་ཡང་རང་གི་རིགས་ཀྱི་འཁོར་འདུལ་བཿ་སོ་སོའི་སྤྲུལ་པ་བསམ་མི་ཁྱབ་གཅོད་པར་བྱེད་པ་བདུད་ཀྱི་སྡེཿ་འཆི་བར་བྱེད་པ་གཤིན་རྗེའི་སྡེཿ་ གསོད་བྱེད་ཤན་པ་སིན་པོའི་སྡེཿ་གདུག་རྩུབ་འཆང་བ་གནོད་སྦྱིན་སྡེཿ་དྲག་རྩལ་ལྡན་པ་ལྷ་ཡི་སྡེཿ་ནད་གདོན་འབེབས་པ་མ་མོའི་སྡེཿ་ནམ་མཁར་དབང་སྒྱུར་ གཟའ་ཡི་སྡེཿ་གླེན་ལྐུགས་གདུག་པ་ཀླུ་ཡི་སྡེཿ་སྡེ་བརྒྱད་དམོད་པའི་དྲག་སྔགས་ཅན་མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ་འཁོར་དང་སྡེ་རིགས་བརྗོད་མི་ལང་ འཕྲིན་ལས་ལོངས་སྤྱོད་མི་ཟད་གྟེར་ཡོན་ཏན་ནུས་པ་དཔག་ཏུ་མེད་ཞེ་སྡང་ཅན་ལ་ཁྲོས་པར་སྟོན་ང་རྒྱལ་ཅན་ལ་ལྷག་པར་སྟོན་འདོད་ཆགས་ཅན་ལ་ མི་སྡུག་སྟོན་གཏི་མུག་ཅན་ལ་མྱོས་པར་སྟོན་སེར་སྣ་ཅན་ལ་འཕྲོག་པར་བྱེད་ཕྲག་དོག་ཅན་ལ་འཇིགས་པར་སྟོན་ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིཿ་ [393B]བའི་ལས་མཛོད་ཅིག་བསྟོད་ཅིང་སྒྲུབ་པས་ལས་མཛོད་དགྱེས་པར་མྫོད་དེ་ནས་རང་གི་སྙིང་པོ་དང་འཇིག་ རྟེན་དྲེགས་པའི་བདག་པོ་རྣམྶ་སོ་སོའི་སྔགས་ཀྱི་ལས་ལ་སྦྱར་རྡོ་རྗེ་འཛིན་པ་ཆེན་པོ་ཡིས་བྱང་ཆུབ་སེམས་ཀྱི་བསམ་པ་ཡིས་ལྟོས་དང་རེ་བ་ཀུན་སྤངས་ཏེཿ་སངས་རྒྱས་ བསྟན་པ་རབ་དམིགས་ནས་དྲག་སྔགས་བདག་པོ་ཉེར་བསྒྲུབས་ནཿ་ང་དང་སངས་རྒྱས་ཐམས་ཅད་མྙེས་རིག་པ་འཛིན་པའི་ས་ཐོབ་ཅིང་སེམས་ཅན་རྣམས་ཀྱི་སྟོན་པར་ འྒྱུར་ཐུན་མོང་པ་དང་ཉེ་བ་དང་མཆོག་འགྱུར་རིང་བའི་དངོས་གྲུབ་ཀུན་དཔའ་བོ་དེ་ལས་མངོན་དུ་འྦྱུང་ཡོན་ཏན་མཆོག་གི་སྟོབས་རྙེད་ཅིང་འཇིག་རྟེན་ཆོས་ ལས་རབ་བསྔགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ས་ཆེན་པོ་ལ་རྟོགས་པ་ཡིཿ་རླབས་ཆེན་རྣམས་ཀྱང་ནུས་པར་སྤྱོད་མཐུ་སྟོབས་ནུས་པ་སྙེམས་ པ་ཡིས་གཞན་གྱིས་བརྫི་བར་མི་ནུས་ཤིང་རང་གི་དབང་དུ་ཁུགས་པ་དང་བསྒོ་བ་རྩོད་པ་མེད་པར་འྒྱུར་ཞེས་བཀའ་སྩལ་ཏོཿ་དྲག་སྔགས་འདུས་པ་རྩ་བའི་ རྒྱུད་ལས། བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཉིད་ཀྱི་སྐུ་འཇིགས་བྱེད་ཆེན་པོའི་ [394A]༄༅། །ལུགས་སུ་སྐུ་སྤྲུལ་ཏེ་ཐུགས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུའི་གནས་ཐམས་ཅད་ལས་འོད་ཀྱི་དྲ་བ་ དཔག་ཏུ་མེད་པ་ཕྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་གནས་ཐམས་ཅད་ཁྱབ་པར་མཛད་ནས་མ་རུངས་ཤིང་གདུག་པ་དང་ གཏུམ་པའི་སེམས་དང་བསམ་པ་ཐམས་ཅད་ཀྱང་མ་ལུས་པར་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེཿ་ཕན་པ་དང་བདེ་བ་དང་གནོད་པ་མེད་པ་དང་ བརྩེ་བ་དང་ཡིད་དགའ་བ་དང་བཅས་པས་ཕྱོགས་དེར་སྣང་བར་གྱུར་ནས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་ གསོལ་ཏོཿ་ཀྱེ་མ་བཅོམ་ལྡན་རྡོ་རྗེ་འྖང་ཁྱོད་ཀྱི་བསྟན་པ་གསང་ཆེན་འདིཿ་མ་འོངས་པ་ཡི་དུས་དག་ཏུཿ་རབ་ཏུ་རྒྱས་པར་འགྱུར་ཞིག་ནཿ་བདག་ཅག་འཇིག་རྟེན་ དྲེགས་པ་ཅན་ཞི་བ་སེམས་སུ་གནས་བྱས་པས་རྗེས་སུ་སྤྱོད་པ་གང་ཡིན་པཿ་དེ་ལ་རྒྱས་པ་ཕན་པར་བྶྟན་འཕྲིན་ལས་དང་ནི་ལྟ་སྤྱོད་ཀྱིས་ཁྱབ་པ་དེ་ལས་ ཡོངས་རྫོགས་ཤིང་གྲོགས་དང་བྲན་དང་དམངས་བཞིན་དུཿ་གང་གིས་བསྒོ་བ་དེ་བཞིན་བགྱིཿ་དམ་ཚིག་བསྲུངས་པའི་ཡོན་ཏན་དང་རོལ་པའི་ཏིང་འཛིན་ལྡན་ [394B]པར་རབ་ཏུ་སྤྲོཿ་བཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིས་ཇི་ལྟར་མངགས་པའི་ལས་རྣམས་ནིཿ་བདག་ཅག་ནུས་པས་ མྱུར་དུ་བྶྒྲུབ་བྱིན་གྱིས་བརླབས་པ་གཙོར་མཛོད་ཅིག་ཅེས་གསོལ་ནས་རང་རང་གི་གནས་སུ་དེངས་ཤིང་ཕྱིན་པར་གྱུར་ཏོཿ་བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་བཀོད་པ་ རྣམས་རང་གི་འཁོར་གྱི་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱི་སྐུའི་དབྱིངས་སུ་བསྡུས་ཤིང་སྐུ་ཉིད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་མཛད་དོཿ་དྲག་སྔགས་འདུས་པའི་ རྩ་བའི་རྒྱུད་ལས་འཕྲིན་ལས་ཀྱི་གཉེར་ཕུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་བདག་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པཿ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླའི་ ཕྱག་དཔེ་ལ་ཞལ་བཤུས་པ་ལས་བརྒྱུད་པའོ་